ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཆུ་ཤུར་གྲོང་རྡལ་ཕྱོགས་བསྡུས་བཅོས་སྐྱོང་གཞུང་ལས་ཁང་གིས།
གནོད་འཚེ་སྔོན་འགོག་ཉུང་གཏོང་དང་མེ་ཟོན་གྱི་དངོས་འཐབ་ནང་སྦྱོང་བྱས་པ།
འདི་ནི་མེ་གསོད་ནང་སྦྱོང་བྱེད་བཞིན་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཆུ་ཤུར་གྲོང་རྡལ་ཕྱོཌ་བསྡུས་བཅོས་སྐྱོང་གཞུང་ལས་ཁང་གིས་ལས་ཐོག་ལས་བྱེད་པ་དང་དྲ་མིག་མེ་གསོད་མི་སྣ་སྒྲིག་འཛུཌ་བྱས་ནས་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་མེ་ཟོན་གྱི་དངོས་འཐབ་ནང་སྦྱོང་བྱས་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ་ཆུ་ཤུར་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་ལས་དོན་མི་སྣས་སོལ་རླངས་བདེ་འཇགས་ངང་སྤྱོད་པ་དང་། ཚལ་རྔོ་བའི་སླ་ངར་མེ་འབར་སྐབས་ཀྱི་མེ་གསོད་སྟངས། མེ་སྐྱོན་ཐོན་མ་ཐག་མེ་གསོད་སྟངས། མེ་གསོད་ཡོ་བྱད་ལ་ཞིབ་བཤེར་དང་བེད་སྤྱོད་སྟངས། མེ་སྐྱོན་ཐོན་སྐབས་རང་སྐྱོབ་བྱེད་སྟངས། ས་ཡོམ་རྒྱག་སྐབས་ཉེན་གཡོལ་བྱེད་སྟངས། འབྲུབ་ཆུ་རྒྱས་དུས་གྲལ་བཤེར་བྱེད་སྟངས། ཆུ་ལོག་ཐོན་སྐབས་ཁ་གཏད་གཅོག་སྟངས་སོགས་ཁྱིམ་ཚང་གི་མེ་ཟོན་བདེ་འཇགས་ཤེས་བྱ་རབ་དང་རིམ་པ་གསལ་བཤད་ཞིབ་ཕྲ་བརྒྱབ་པ་དང་ཆབས་ཅིག་དྲིལ་བསྒྲགས་ལག་དེབ་ཀྱང་སྤྲད་པ་རེད། ལས་དོན་མི་སྣས་གཙོ་བོ་མེ་གསོད་ཡོ་བྱད་སྤྱོད་སྟངས་དང་མེ་གསོད་སྟངས་དཔེ་སྟོན་མཛུབ་ཁྲིད་བྱས་པ་དང་། དེ་རྗེས་བྱེད་སྒོར་ཞུགས་མཁན་མི་སྣས་གོ་རིམ་ལྟར་དངོས་སྦྱོང་བྱས་པ་རེད།
ད་ཐེངས་ཀྱི་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་མེ་ཟོན་བདེ་འཇགས་ཤེས་བྱའི་སློབ་གསོ་དང་དངོས་འཐབ་ནང་སྦྱོང་ལས་ཆུ་ཤུར་གྲོང་རྡལ་གྱི་ལས་བྱེད་པ་དང་དྲ་མིག་མེ་གསོད་མི་སྣའི་འཕྲལ་སྡོམ་རོགས་སྐྱོབ་ནུས་པ་ཆེ་རུ་ནུས་ལྡན་ཕྱིན་པ་རེད།