མི་དམངས་ཉེན་རྟོག་པས་བྱེ་མའི་ནང་ལུས་པའི་རླངས་འཁོར་ཞིག་ལ་འཕྲལ་མར་རོགས་སྐྱོབ་བྱས་པ།
རོགས་སྐྱོབ་ཀྱི་ས་ཡུལ་དངོས་ཡིན་པ།
གསར་འགོད་པར་མངའ་རིས་ས་ཁུལ་སྤྱི་བདེ་ལས་ཁུངས་ནས་ཤེས་རྟོགས་བྱུང་བར། ཉེ་དུས་སྒེར་རྩེ་རྫོང་སྤྱི་བདེ་ཅུས་དུང་མཚོ་ཤང་མངགས་གཏོང་ཁང་ལ་རྫོང་ཅུས་བཀོད་འདོམས་ལྟེ་གནས་ནས“ཡུལ་སྐོར་བའི་རླངས་འཁོར་གཉིས་རྒྱལ་ལམ་216“ས་གཞི་ཆེན་པོའི་སྡོང་པོ”དང“དུང་མཚོའི”ཉེ་འགྲམ(2860)གྱི་བྱེ་མའི་ནང་ཚུད་ནས་མྱུར་སྐྱོབ་བྱེད་དགོས་པས་འཕྲལ་མར་ཉེན་རྟོག་པ་མངགས་ནས་རོགས་སྐྱོབ་ལས་དོན་སྤེལ་རོགས”ཞེས་པའི་བཀའ་རྒྱ་འབྱོར་རྗེས། མངགས་གཏོང་ཁང་གིས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་ཐག་པདང་སྦྱག་མ་སོགས་ཀྱི་རོགས་སྐྱོབ་ཡོ་བྱད་ཁྱེར་ནས་ས་གནས་ས་ཐོག་ཏུ་བསྐྱོད་པ་རེད། མི་དམངས་ཉེན་རྟོག་པ་ས་གནས་ས་ཐོག་ཏུ་འབྱོར་རྗེས། རླངས་འཁོར་དེ་གཉིས་འཐེན་ཐུབ་བཟོ་ཡོད་པ་ཤེས་ནས། རོགས་སྐྱོབ་ཐག་པ་སྤྱད་དེ་རོགས་སྐྱོབ་ལས་དོན་སྤེལ་བ་དང་། སྐར་མ་20ལྷག་ཙམ་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་མཐར་བྱེ་མའི་ནང་ནས་ཕྱིར་དོན་ཐུབ་པ་བྱུང་བ་རེད།