དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • བོད་ལྗོངས་མེ་ཟོན་གྱིས་མེ་སྐྱོན་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་ཉིན་མོའི་མེ་ཟོན་དྲིལ་བསྒྲགས་ཀྱི་མཐོ་རླབས་ཤིག་འཕྱུར་བར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-12

    རྒྱལ་ཡོངས་ཀྱི་མེ་སྐྱོན་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་ཉིན་མོ་ཐེངས་བཅུ་དྲུག་པའི་མེ་ཟོན་དྲིལ་བསྒྲགས་ལས་དོན་སྔར་བས་ཡག་པོ་བསྒྲུབས་ནས་མི་དམངས་མང་ཚོགས་ཀྱི་མེ་སྐྱོན་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་ཆེད། ཉིན་ཤས་བསྟུད་མར་བོད་ལྗོངས་མེ་ཟོན་ཚན་པས“ཚང་མས་བདེ་འཇགས་ལ་སྣང་ཆེན་དང་ཚང་མས་འཕྲལ་སྡོམ་བྱེད་ཤེས་པ་བྱས་ཏེ། གཞི་རིམ་གྱི་མེ་སྐྱོན་སྔོན་འགོག་དང་ཉེན་ཁ་ལས་གཡོལ་བའི་འཇོན་ཐང་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པའི”བརྗོད་དོན་གཙོ་བོར་དམིཌ་ནས་བཀོད་སྒྲིག་ཧུར་ཐག་དང་ཞིབ་ཚགས་བྱེད་པ་དང་། དྲིལ་བསྒྲགས་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་བ། དྲིལ་བསྒྲགས་ཀྱི་གཞི་རྟེན་ཕུན་སུམ་ཚོགས་སུ་གཏོང་བ་བཅས་ཀྱི་སྒོ་ནས་ནང་དོན་ཕུན་སུམ་ཚོགས་པའི་དྲིལ་བསྒྲགས་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་ཕྱོགས་ཡོངས་ནས་མེ་ཟོན་དྲིལ་བསྒྲགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བཏོད་པ་རེད།

    ས་ཁོངས་མང་པོས་བྱ་སྤྱོད་མཉམ་དུ་སྤེལ་ནས་མེ་སྐྱོན་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་མང་ཚོགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ཞིང་། ཉེ་དུས་གྲོང་ཁྱེར་དང་ས་ཁུལ་ཁག་གི་མེ་ཟོན་རོགས་སྐྱོབ་སྒྲིག་གཞིས་ས་ཁུལ་དང་གྲོང་ཁྱེར་ཁག་གི་གནོད་འཚེ་ཉུང་གཏོང་ཨུ་ལྷན་གྱིས་སྒྲིག་འཛུགས་བྱས་པའི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོར་ཞུགས་ཤིང་། བྱེད་སྒོའི་རིང་འཕྲེད་འགེལ་སྦྱར་ཡིག་འགེལ་བ་དང་། མེ་ཟོན་གྱི་ཚན་རིག་ཁྱབ་གདལ་འགྲེམས་པང་འཛུགས་པ། ཉེན་ཟོན་སློབ་གསོའི་པར་གཞི་སྟོན་པ། མེ་ཟོན་དྲིལ་བསྒྲགས་ཀྱི་དཔྱད་ཡིག་སྤྲོད་པ། མེ་གསོད་ཡོ་ཆས་འགྲེམས་སྟོན་བྱེད་པ། ས་གནས་ས་ཐོག་ཏུ་དོགས་གཞི་སེལ་བ། མང་ཚོགས་ལ་མེ་གསོད་སྟངས་དམར་ཁྲིད་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་མེ་ཟོན་དྲིལ་བསྒྲགས་རྒྱ་ཁྱབ་ཏུ་བྱས་པ་རེད། རིམ་རྩིས་བྱས་ན་ལྗོངས་ཡོངས་སུ་མེ་སྐྱོན་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་དྲིལ་བསྒྲགས་བྱེད་སྒོ་ཐེངས་92སྤེལ་བ་དང་། དྲིལ་བསྒྲགས་དཔྱད་ཡིག་ཐེངས་ཁྲི་7.25ལྷག་ཙམ་སྤྲད་པ། མང་ཚོགས་མི་ཐེངས་ཁྲི་9.15ལྷག་ཙམ་ལ་སློབ་གསོ་བརྒྱབ་པ་རེད།

    ཕྱོགས་ཡོངས་ནས་དྲིལ་བསྒྲགས་གསོ་སྦྱོང་བྱས་ནས་མང་ཚོགས་ཀྱི་རང་སྐྱོབ་འཇོན་ཐང་ཆེ་རུ་བཏང་ཞིང་། མེ་ཟོན་དྲིལ་བསྒྲགས་ཀྱི“ཁྱབ་སྤེལ་དྲུག”རྨང་གཞིར་བྱས་ཐོག མིག་སྔའི་གློག་སྒུལ་སྦག་སྦག་གི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་ཁྱོན་ཡོངས་ནས་བཅོས་སྒྲིག་བྱེད་པའི་བྱ་སྤྱོད་ཀྱི་ལས་ཀའི་གཙོ་གནད་དང་ཟུང་འབྲེལ་གྱིས་ཕྱོགས་ཡོངས་དང་ཟུར་ཚད་མི་འདྲ་བའི་སྒོ་ནས་མེ་ཟོན་བདེ་འཇགས་ཀྱི་ཆེད་དོན་གསོ་སྦྱོང་བྱས་ཤིང་། ཟླ་5ཚེས་11ནས་ཚེས་17ཉིན་བར་གྱི་མེ་ཟོན་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་དྲིལ་བསྒྲགས་གཟའ་འཁོར་རིང་། རིམ་རྩིས་བྱས་ན་མེ་ཟོན་དྲིལ་བསྒྲགས་གསོ་སྦྱོང་ཐེངས་303དང་། “སྒོ་རྩར་ཞབས་འདེགས”ཐེངས་406 མི་སྣ་ཁྲི་1.74ལྷག་ཙམ་ལ་གསོ་སྦྱོང་བཅས་བྱས་པ་དང་གསོ་སྦྱོང་དཔྱད་ཡིག་ཁྲི་4.32ལྷག་ཙམ་སྤྲད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།