དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • གྲ་ནང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས“དམངས་འཚོར་སྲུང་སྐྱོང”གི་ཆེད་དོན་བྱ་སྤྱོད་སྤེལ་ཏེ།

    “གྱོད་གཞི་ཐོ་འགོད+གྲོས་མོལ”མཉམ་དུ་བྱས་ནས་མངོན་མེད་མིག་ཤེལ་ཁྲོམ་རར་བཅོས་སྒྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-06-04

    ཞིབ་དཔྱོད་ཁང་གིས“དམངས་འཚོར་སྲུང་སྐྱོང”གི་ཆེད་དོན་བྱ་སྤྱོད་དོན་འཁྱོལ་གཏིང་ཟབ་བྱས་ནས་སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་ལྟ་སྐུལ་འགན་འཁྲི་སྔར་བས་ཡག་པོ་སྒྲུབ་ཆེད། ཉེ་ཆར། གྲ་ནང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་རྫོང་ཁོངས་ཀྱི་ཚོང་ཁང་10ལྷག་ཙམ་དུ་བསྐྱོད་དེ་སྨན་བཅོས་ཡོ་བྱད་རིགས་གསུམ་པའི་ཐོན་རྫས་ཕྱིར་ཚོང་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་བཅར་འདྲི་བརྟག་དཔྱད་བྱས་པ་མ་ཟད། མཛེས་བཟོ་ཁང་དང་རྒྱན་ཆ་ཚོང་ཁང་ཁག་གཅིག་གིས《སྨན་བཅོས་ཡོ་བྱད་གཉེར་སྐྱོང་ཆོག་འཐུས་ལག་ཁྱེར》མེད་པར་འཛད་སྤྱོད་པར་མངོན་མེད་མིག་ཤེལ་བཙོངས་པ་ཤེས་རྟོགས་བྱུང་བ་རེད།

    གྲ་ནང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ས་གནས་ས་ཐོག་ཏུ་འདྲི་རྩད་བྱས་པ་བརྒྱུད་མངོན་མེད་མིག་ཤེལ་ཐོན་རྫས་ཀྱི་ཐུམ་སྒྲིལ་ཐོག་གསལ་པོར་བཀོད་པའི་སྨན་བཅོས་ཡོ་བྱད་ཐོ་འགོད་ལག་ཁྱེར་ཨང་གྲངས(ཐོ་འགོད་ཨང་གྲངས། རྒྱལ་ཁབ་བཟའ་བཅའ་དང་སྨན་རྫས་ལྟ་འདོམས་ཅུས་ཀྱིས་ཆོག་མཆན་སྤྲད་པའི་སྨན་བཅོས་ཡོ་བྱད་ཨང་གྲངས་C2014ལོ་ཨང་3221594)རྒྱལ་ཁབ་བཟའ་བཅའ་དང་སྨན་རྫས་ལྟ་འདོམས་ཅུས་ཀྱི་གཞུང་ཕྱོགས་དྲ་ཚིགས་ཐོག་ཐོ་འགོད་བྱས་མེད་པའི་ཆ་འཕྲིན་ཤེས་རྟོགས་བྱུང་ཡོད། 《སྨན་བཅོས་ཡོ་བྱད་རིགས་དབྱེའི་དཀར་ཆག》དང་། 《སྨན་བཅོས་ཡོ་བྱད་ལྟ་འདོམས་སྲོལ་ཡིག》 《སྨན་བཅོས་ཡོ་བྱད་ལྟ་འདོམས་བྱ་ཐབས》ཀྱི་གཏན་འབེབས་གཞིར་བཟུང་། རྒྱལ་ཁབ་ཀྱིས་སྨན་བཅོས་ཡོ་བྱད་ལ་ཉེན་ཁའི་ཚད་གཞིར་གཞིགས་ནས་རིགས་དབྱེ་དོ་དམ་བྱེད་པའི་ནང་སྨན་བཅོས་ཡོ་བྱད་རིགས་གསུམ་པ་ཉེན་ཁ་ཆེ་ཤོས་ཡིན་པ་དང་། མངོན་མེད་མིག་ཤེལ་ནི་ཉེན་ཁ་ཆེ་ཤོས་ཀྱི་སྨན་བཅོས་ཡོ་བྱད་རིགས་གསུམ་པར་གཏོགས་པས། དེའི་བདེ་འཇགས་རང་བཞིན་དང་ཕན་ནུས་རང་བཞིན་ལ་ངེས་པར་དུ་ཚོད་འཛིན་ནན་པོ་བྱེད་དགོས་པ་དང་། སྨན་བཅོས་ཡོ་བྱད་གཉེར་སྐྱོང་ཆོག་འཐུས་ལག་ཁྱེར་ཐོབ་པའི་ཚོང་དུད་ཁོ་ནས་མ་གཏོགས་འཚོང་ཆོག་གི་མེད། བདེ་འཇགས་ཀྱི་ཚད་གཞི་དང་མི་མཐུན་པའི་མངོན་མེད་མིག་ཤེལ་གྱིས་མིག་སྐྱི་ལ་གནོད་པ་མ་ཟད། གཉན་ཁའང་རྒྱས་ཀྱི་ཡོད་པས་འཛད་སྤྱོད་པ་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་གནོད་འཚེ་ཆེན་པོ་ཡོད། འོན་ཀྱང་མིག་སྔར་མིག་ཤེལ་ཚོང་ཁང་དང་འཛད་སྤྱོད་པ་མང་པོ་ཞིག་གིསམངོན་མེད་མིག་ཤེལ་ནི་སྨན་བཅོས་ཡོ་བྱད་ལ་འཛིན་པའི་འདུ་ཤེས་མེད་པས་འཛད་སྤྱོད་པ་མང་པོ་ཞིག་ལ་གྱོན་གུང་ཕོག་གི་ཡོད།

    མངོན་མེད་མིག་ཤེལ་གྱི་ཁྲོམ་རའི་ཟང་ཟིང་བཅོས་སྒྲིག་ལ་སྐུལ་འདེད་བཏང་ནས་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་འགན་ལེན་བྱ་ཆེད། གྲ་ནང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས“གྱོད་གཞི་ཆུང་ངུ་མགྱོགས་མྱུར་སྒྲུབ་པའི”བྱེད་ཐབས་སྤྱད་དེ་གཏུག་བཤེར་མ་བྱས་གོང་གི་གོ་རིམ་གཞིར་བཟུང་འབྲེལ་ཡོད་སྡེ་ཚན་དང་གྲོས་མོལ་ཚོགས་འདུ་འཚོགས་ནས“གྱོད་གཞི་ཐོ་འགོད+གྲོས་མོལ”དུས་མཉམ་དུ་སྤེལ་ཡོད། གྲོས་མོལ་ཚོགས་འདུའི་ཐོག་སྨན་བཅོས་ཡོ་བྱད་རིགས་གསུམ་པའི་ལས་རིགས་ཀྱི་ལྟ་འདོམས་དང་བཅའ་ཁྲིམས་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ་དང་དུས་ཐོག་ཏུ་ཆེད་དོན་ལྟ་སྐུལ་སོགས་ཀྱི་བྱ་ཐབས་ཐད་འབྲེལ་ཡོད་སྡེ་ཚན་དང་བསམ་འཆར་གཅིག་མཐུན་བྱུང་ཡོད། ཞིབ་དཔྱོད་སྤྱི་ཕན་གྱི་ལྟ་སྐུལ་འོག་འབྲེལ་ཡོད་སྡེ་ཚན་གྱིས་འཕྲལ་མར་ཆེད་དོན་བཅོས་སྒྲིག་བྱེད་སྒོ་སྤེལ་ནས་ཁོངས་གཏོགས་ཁུལ་གྱི་མངོན་མེད་མིག་ཤེལ་དང་དེ་བཞིན་མཛེས་བཟོའི་ཐོན་རྫས་སོགས་སྨན་བཅོས་ཡོ་བྱད་རིགས་གསུམ་པ་གཉེར་སྐྱོང་བྱེད་མཁན་ཚོང་ཁང་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཏེ་སྒྲིག་འགལ་ཐོན་རྫས་འཚོང་མི་ཆོག་པའི་བཀའ་བཏང་བ་རེད།

    ཞིབ་དཔྱོད་དཔོན་གྱིས་དྲན་སྐུལ་བྱས་དོན། འཛད་སྤྱོད་པས་མངོན་མེད་མིག་ཤེལ་དང་དེ་བཞིན་མཛེས་བཟོའི་ཐོན་རྫས་འདེམས་ཉོ་བྱེད་སྐབས་ངེས་པར་དུ་གཉེར་སྐྱོང་ཆོག་འཐུས་ཐོབ་ཐང་ཡོད་པའི་སྨན་བཅོས་ཡོ་བྱད་འཚོང་ས་ནས་ཉོ་དགོས་ལ། སྨན་བཅོས་ཡོ་བྱད་ཐོ་འགོད་ལག་ཁྱེར་ཡོད་མེད་ལྟ་དགོས་པ་མ་ཟད། ཉོས་པའི་སྤ་སེ་ཡང་ཉར་ཚགས་ཡག་པོ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།