དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་རྔ་ཆེན་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུས།

    ཏང་འཛུགས་སྐྱོང་ལ་བརྟེན་ནས་མཉམ་ཤུགས་ཆགས་པར་བྱས་ཏེ་གཞི་རིམ་བཅོས་སྐྱོང་གི་རྣམ་པ་གསར་པ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-06-04

    འདི་ནི་ཏང་འཛུགས་མཉམ་སྐྲུན་གྱི་གྲོས་མཐུན་ཡི་གེར་མིང་རྟགས་འགོད་བཞིན་པ།

     ཉེ་ཆར། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་དཔུང་སྡེའི་རུ་ཆེན་ཞིག་གིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་རྔ་ཆེན་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའུ་དང་ཏང་འཛུགས་མཉམ་སྐྲུན་གྱི་གྲོས་མཐུན་ཡི་གེར་མིང་རྟགས་བཀོད་ཅིང་། དེའི་དམིགས་ཡུལ་གཙོ་བོ་ནི་ཏང་འཛུགས་སྐྱོང་ལྟེ་བར་བྱས་ཏེ། རིམ་ཁག་ཏང་རྩ་འཛུགས་དང་སྤྱི་ཚོགས་ལས་རིགས་ཁག་གི་རྩ་འཛུགས་ཐུན་མོང་ཐོག་ཞུགས་པར་སྐུལ་འདེད་ཧུར་ཐག་བཏང་ནས་མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་རྣམ་པ་གསར་པ་ཆགས་པར་བྱ་ཆེད་རེད།

    ཕྱོགས་གཉིས་པོས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཏང་འཛུགས་སྐྱོང་ནང་ཞུགས་པའི་སྤྱི་ཚོགས་ལས་རིགས་ཁག་གི་ཧུར་བརྩོན་རང་བཞིན་སྐོང་འཐེན་བྱས་ཏེ། ཏང་རྩ་འཛུགས་དང་སྤྱི་ཚོགས་ལས་རིགས་ཁག་ཐུན་མོང་ཐོག་ཞུགས་པ་དང་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་བཏོད་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱ་ཆེད་སྤྱི་ཚོགས་ཀྱི་ཁོར་ཡུག་ཡག་པོ་ཞིག་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།