ནགས་གསེབ་ཏུ་དམག་སྦྱོང་བྱེད་པ།
པར①ནི་ས་བཀྲ་གཞིར་བཟུང་དཔུང་སྐྱོད་ལ་བཀོད་འདོམས་བྱེད་བཞིན་པ།
པར②ནི་འགེབས་སྲུང་བྱེད་རེས་ཀྱིས་འཚོལ་སྐྱོབ་དང་མདུན་སྐྱོད་བྱེད་བཞིན་པ།
པར③ནི་ཐག་པར་འཁྱུད་ནས་གཙང་པོ་སྒྲོལ་བཞིན་པ།
ཉེ་ཆར། བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས་ཡན་ལག་དཔུང་སྡེ་སྒྲིག་འཛུགས་ཀྱིས་འཐབ་རྩལ་སྦྱོང་བརྡར་བྱས་ཤིང་། དམག་སར་མྱུལ་ཞིབ་དང་། དགྲ་བོའི་རྒྱབ་ཕྱོགས་ནས་འཇབ་རྒོལ། དགྲ་བོར་ཕར་རྒོལ་སོགས་ཀྱི་རྣམ་གྲངས་གཙོར་བཟུང་ནས་སྦྱོང་བརྡར་བྱས་པ་རེད། དཔོན་དམག་ཚོས་རི་འདབས་ནགས་ཚལ་དང་། ལས་འགན་གྱི་དོན་དངོས། གཡུལ་སའི་གནས་ཚུལ་བཅས་ལ་དམ་པོར་དམིགས་ནས་ཆེད་དོན་སྦྱོང་བརྡར་བྱས་ཏེ། ཕྱི་རོལ་ཁོར་ཡུག་འོག་བཀོད་འདོམས་ཚོད་འཛིན་དང་། གནས་ཚུལ་ཐག་གཅོད། ཚན་ཁག་དང་ཚོགས་ཆུང་མཉམ་ལས་བཅས་ཀྱི་དམག་འཐབ་ནུས་པ་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་རེད།