དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • དྲ་རྒྱའི་ཧབ་འཚོང་ཁྱབ་ཁོངས་ཀྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཐོག་མ་བཀྲམ་པ

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-06-04

    ཉེ་ཆར། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་དང་། ཚོང་དོན་པུའུ། རྒྱལ་ཁབ་རིག་དངོས་ཅུས་བཅས་སྡེ་ཚན་གསུམ་གྱིས་མཉམ་འབྲེལ་ཐོག《དྲ་རྒྱའི་ཧབ་འཚོང་ཚད་ལྡན་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》(གཤམ་དུ《མཛུབ་ཁྲིད་བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་ཞིང་། དེ་ནི་རང་རྒྱལ་གྱི་དྲ་རྒྱའི་ཧབ་འཚོང་ཁྱབ་ཁོངས་ཀྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དང་པོ་ཡིན་པ་དང་། དྲ་རྒྱའི་ཧབ་འཚོང་ཁྲོམ་རའི་སྒྲིག་ལམ་སྔར་བས་ཚད་ལྡན་དུ་གཏོང་བ་དང་ཧབ་འཚོང་ལས་རིགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།

    ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་དྲ་རྒྱའི་ཧབ་འཚོང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད། 2023ལོའི་བར་དྲ་རྒྱའི་ཧབ་འཚོང་བྱེད་སྒོ་སྣ་ཚོགས་ཀྱི་ལོ་རེའི་ཚོང་འགྲིག་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་ལས་བརྒལ་ནས་ཚད་ལྡན་མིན་པའི་རྒྱུ་ནོར་ཉོ་ཚོང་བྱེད་སྟངས་གལ་ཆེན་དུ་གྱུར་ཡོད། 《མཛུབ་ཁྲིད་བསམ་འཆར》ནང་དྲ་རྒྱའི་ཧབ་འཚོང་དོ་དམ་ལམ་ལུགས་ཀྱི་སྟོང་ཆ་བསབས་ཏེ་དྲ་ཐོག་དང་དྲ་ཕྱིའི་ཧབ་འཚོང་ལྟ་འདོམས་ལམ་ལུགས་ཀྱི་གཅིག་མཐུན་རང་བཞིན་མཐའ་འཁྱོངས་བྱ་རྒྱུ་ཐོག་མར་གསལ་པོ་བཟོས་པ་དང་། གཉེར་སྐྱོང་རང་བཞིན་གྱི་དྲ་རྒྱའི་ཧབ་འཚོང་སྐུལ་མཁན་གྱིས་ངེས་པར་དུ་ད་ལྟ་ལག་ལེན་བསྟར་བཞིན་པའི་ཧབ་འཚོང་གི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་ཞུ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།