སྟོད་ལུང་བདེ་ཆེན་ཆུས་སུ“ལུང་ཅེ——ཨ་ཅག་གིས་གྲོས་བསྡུར”གྱི་གཞི་རིམ་བུད་མེད་ཀྱི་དོན་གླེང་ལྷན་ཚོགས་བཙུགས་པ།
ཉེ་ཆར་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཁྲོམ་གཞུང་ནམ་མཁའ་སྡེ་ཁུལ་དུ“ཨ་ཅག་གིས‘གྲོས་བསྡུར’”གྱི་དོན་གླེང་ལྷན་ཚོགས་དང་ལུང་ཅེ་ཁེ་དབང་སྲུང་སྐྱོང་eས་ཚིགས་དངོས་སུ་བཙུགས་པ་རེད། བྱེད་སྒོ་སྤེལ་རིང་། 《ནམ་མཁའ་སྡེ་ཁུལ་གྱི“ཨ་ཅག་གིས‘གྲོས་བསྡུར’”གྱི་དོན་གླེང་ལྷན་ཚོགས་ཀྱི་ལས་དོན་ལག་བསྟར་ཇུས་གཞི》སྒྲོག་སྦྱངས་བྱས་པ་དང་། “ཨ་ཅག་གིས‘གྲོས་བསྡུར’”གྱི་དོན་གླེང་ལྷན་ཚོགས་བཙུགས་པའི་དམིགས་ཡུལ་དང་། དོན་སྙིང་། ལས་ཀའི་ནང་དོན། ལས་ཀའི་བརྒྱུད་རིམ་བཅས་ངོ་སྤྲོད་བྱས་པ་རེད། འདི་ནི་དོན་གླེང་ཚོགས་འདུ་འཚོགས་ཡུལ་ཡིན་པ།