རྩྭ་མདའ་རྫོང་གི་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་ཀྱིས་གཅེས་སེམས་སློབ་སྐྱོར་བྱེད་སྒོ་སྤེལ་བ།
ཉེ་ཆར། ལྷ་སར་ཡོད་པའི་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་གི་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་ལྷ་སའི་མངའ་རིས་ཧོ་པེ་ཆ་ཚང་སློབ་འབྲིང་དུ་བསྐྱོད་ནས“མི་རབས་རྗེས་མར་སེམས་ཁུར་གྱིས་ལག་གདང་སྦྲེལ་ནས་འབྱུང་འགྱུར་ལ་ཕྱོགས”ཞེས་པའི་གཅེས་སེམས་སློབ་སྐྱོར་བྱེད་སྒོ་སྤེལ་ཏེ་རྒྱ་ཆེའི་སློབ་མས་ཆུང་དུས་ནས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱ་རྒྱུའི་ཁྲིད་སྟོན་བྱས་པ་རེད།
བྱེད་སྒོ་སྤེལ་བའི་ཉིན་དེར་ལས་བྱེད་པ་རྒན་གྲས་ཚོས་སློབ་གྲྭའི་དྲིན་ཚོར་ཐང་ཆེན་དང་། ཟ་ཁང་། སློབ་མའི་ཉལ་ཁང་། སློབ་ཁྲིད་སྒྲིག་ཆས་དེ་བཞིན་སློབ་གྲྭའི་ཚོགས་པའི་སློབ་ཚན་དང་སློབ་མའི་བརྩམས་ཆོས་འགྲེམས་སྟོན་ལ་ལྟ་སྐོར་བྱས་པ་མ་ཟད། སློབ་མའི་གསར་གཏོད་ཀྱི་སྙིང་སྟོབས་དང་ལག་ལེན་གྱི་འཇོན་ཐང་ལ་གདེང་འཇོག་ཆེན་པོ་བྱས་པ་རེད། ལྟ་སྐོར་བྱེད་རིང་ལས་བྱེད་པ་རྒན་གྲས་ཚོས་ད་དུང་སློབ་མ་ཚོ་དང་སྤེལ་རེས་བྱས་ཏེ། ཁོང་ཚོའི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་ཤེས་རྟོགས་བྱས་པ་མ་ཟད་དུས་ཚོད་ལ་དམ་འཛིན་དང་སློབ་སྦྱོང་ལ་སྙིང་རུས་བྱས་ནས་འབྱུང་འགྱུར་ཕ་ཡུལ་འཛུགས་སྐྲུན་བྱེད་མཁན་སྤྱོད་གོ་ཆོད་པ་ཞིག་བྱེད་དགོས་པའི་ལྕག་སྐུལ་བྱས་པ་རེད།