འདམ་གཞུང་རྫོང་གིས་2024ལོའི་རང་བྱུང་ཐོན་ཁུངས་ལས་དོན་ཚོགས་འདུ་འཚོགས་པ།
ཉེ་ཆར་འདམ་གཞུང་རྫོང་གིས་2024ལོའི་རང་བྱུང་ཐོན་ཁུངས་ལས་དོན་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་རང་བྱུང་ཐོན་ཁུངས་སྐོར་གྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ཡིག་ཐོག་ནས་བཀྲམ་པ་མ་ཟད། ད་དུང་རྒྱལ་ཡོངས་དང་། ལྗོངས་ཡོངས། གྲོང་ཁྱེར་ཡོངས་བཅས་ཀྱི་རང་བྱུང་ཐོན་ཁུངས་ལས་དོན་ཚོགས་འདུའི་དགོངས་དོན་དང་དེ་བཞིན་ལྗོངས་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་འགོ་ཁྲིད་ཀྱིས་རང་བྱུང་ཐོན་ཁུངས་ལས་དོན་ལ་མཆན་བཀོད་མཛུབ་སྟོན་བྱས་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ཡང་བྱས་པ་རེད།
ཚོགས་འདུའི་ཐོག་འདམ་གཞུང་རྫོང་གི་ཤང(གྲོང་རྡལ)ཁག་དང་རྫོང་ཐད་གཏོགས་ཚན་པ་ཁག་ལ་མིག་སྔའི་ལས་ཀའི་དུས་བབ་དང་། འགྲན་སློང་། ཞན་ཆ་བཅས་ངོས་འཛིན་གསལ་པོ་ཐུབ་པར་བྱེད་དགོས་ཤིང་། དུས་བབ་ཀྱི་བླང་བྱ་ཁོང་དུ་ཆུད་པར་བྱས་ཏེ་ཚུགས་གནས་མཐོ་རུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས་པ་དང་། ལམ་ལུགས་ལ་བརྟེན་ནས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། སྟབས་བསྟུན་སྐོར་ཞིབ་བྱས་ནས་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། ཞིབ་བཤེར་དང་ཞིབ་བཤེར་མཆན་འགོད་ནན་པོ་བྱེད་དགོས་ཤིང་། རྒྱུ་རྐྱེན་གཙོ་བོ་འགན་ལེན་བྱས་ནས་ཞབས་འདེགས་ཞུ་སྟངས་ལེགས་སུ་གཏོང་དགོས་པ། གཙོ་གནད་དང་དཀའ་གནད་འབུར་དུ་ཐོན་པར་བྱེད་དགོས་ཤིང་། མུ་མཐུད་ཤུགས་བརྒྱབ་ནས་ཁྲིམས་འགལ་གཉིས་བཅོས་སྐྱོང་བྱེད་དགོས་པ་བཅས་ཀྱི་ནན་བཤད་བྱས་ཡོད།
ཚོགས་འདུའི་ཐོག་འདམ་གཞུང་རྫོང་རང་བྱུང་ཐོན་ཁུངས་ཅུས་ཀྱི་འགན་འཁུར་བས་ས་ཞིང་དང་། འཆར་འགོད། ནགས་རྩྭ། ཁང་ས་སོགས་སྲིད་ཇུས་ཁྲིམས་སྲོལ་ཤེས་བྱ་སྒྲོག་འགྲེལ་བྱས་པ་མ་ཟད། ད་དུང་ཁྲིམས་རྩོད་པ་གདན་དྲངས་ཏེ་རང་བྱུང་ཐོན་ཁུངས་ཁྱབ་ཁོངས་ཀྱི་སྲིད་འཛིན་ཆད་གཅོད་ལ་དམིགས་ནས་ཟུར་ཁྲིད་ཀྱང་བྱས་པ་རེད།