དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཆུ་ཤུར་རྫོང་གིས་མེ་ཟོན་ཤེས་བྱ་ཁྱབ་གདལ་གྱི་ཆེད་དོན་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-06-04

    ཉེ་ཆར་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་མཉེས་ཐང་ཤང་བདེ་སྐྱིད་གྲོང་ཚོར་ཕྱོགས་མང་ཞུགས་པའི་མེ་ཟོན་ནང་སྦྱོང་བྱེད་སྒོ་ཞིག་སྤེལ་བ་རེད།

    ད་ཐེངས་ཀྱི་མེ་ཟོན་ནང་སྦྱོང་ལ་འགྲེལ་བཤད་དཔེ་སྟོན་དང་། ས་གནས་ས་ཐོག་གི་དཔེ་སྟོན། མེ་སྐྱོན་ལད་ཟློས། མེ་གསོད་སྒྲིག་འཛུགས་སོགས་ལྷུ་ཚིགས་མང་པོ་དབྱེ་ཡོད། མེ་ཟོན་འཐབ་འཛིང་པས་རྒྱུན་གཏན་གྱི་མེ་ཟོན་བདེ་འཇགས་སྐོར་ཞིབ་དང་། ཉེན་བརྡ་གཏོང་སྟངས་ཡང་དག མེ་སྐྱོན་བྱུང་མ་ཐག་གསོད་པ། སྲོག་ཉེན་ལས་ཐར་ཐབས་སོགས་ཐད་ནས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་དང་འབྲེལ་མེ་ཟོན་ཡོ་བྱད་སྤྱོད་སྟངས་བསླབས་པ་རེད། ནང་སྦྱོང་ནང་ཞུགས་མཁན་ལས་བྱེད་པ་དང་མང་ཚོགས་ཀྱིས་དངོས་འཐབ་ནང་སྦྱོང་ཁྲོད་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་སློབ་སྦྱོང་བྱ་རྒྱུ་ནི་གལ་འགངས་ཆེ་བ་ཞིག་ཡིན། སླད་ཕྱིན་བྱེད་སྒོ་དེ་རིགས་མང་ཙམ་སྤེལ་ནས་མེ་ཟོན་གྱི་འདུ་ཤེས་དང་མེ་སྐྱོན་ལས་འཛོལ་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།