ཆབ་མདོ་གྲོང་ཁྱེར་གྱིས་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པ།
ཉེ་ཆར། ཆབ་མདོ་གྲོང་ཁྱེར་ནོར་སྲིད་ཅུས་ཀྱིས་མི་དམངས་དངུལ་ཁང་ཆབ་མདོ་གྲོང་ཁྱེར་ཡན་ལག་དངུལ་ཁང་དང་མཉམ་དུ《ཀུན་ཕན་དངུལ་རྩས་དམངས་གཉེར་དང་། ཕྲན་ཚེགས་ཁེ་ལས། “ཞིང་གསུམ”སོགས་ཀྱི་ཁྲོམ་རའི་བྱེད་པོའི་འཕེལ་རྒྱས་ལ་སྔར་བས་ཞབས་འདེགས་ཞུ་བར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཆབ་མདོ་གྲོང་ཁྱེར་གྱི་བྱེད་ཐབས་འགའ་ཞིག(ཚོད་ལྟའི་ལག་བསྟར)》(གཤམ་དུ《བྱེད་ཐབས་འགའ་ཞིག》ཅེས་བསྡུ་རྒྱུ)བཏོན་པ་རེད།
《བྱེད་ཐབས་འགའ་ཞིག》བཏོན་པ་ནི་ཆབ་མདོ་གྲོང་ཁྱེར་གྱིས་དངུལ་རྩའི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་དོན་འཁྱོལ་བྱས་པ་ཞིག་དང་། དམངས་གཉེར་དང་། ཕྲན་ཚེགས་ཁེ་ལས། “ཞིང་གསུམ”སོགས་གཉེར་སྐྱོང་བྱེད་པོའི་མ་དངུལ་བསྡུ་སྒྲིལ་གྱི་དཀའ་གནད་ནུས་ལྡན་ངང་ཞི་ལྷོད་དུ་གཏོང་བའི་ཞིབ་ཕྲའི་བྱེད་ཐབས་ཤིག་ཡིན་པས། དེས་ཆབ་མདོ་གྲོང་ཁྱེར་གྱི་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་དེ་བས་ལེགས་པ་དང་ཚོང་གཉེར་ཁོར་ཡུག་དེ་བས་ལེགས་པ་མཁོ་འདོན་བྱས་ཡོད་པ་རེད།