དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • སྒེར་རྩེའི་མི་དམངས་ཉེན་རྟོག་པས་མང་ཚོགས་ལ་འབབ་འཕར་གཏོད་མཁན་གྱི་སྣེ་ཁྲིད་པ་ཡག་པོ་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-28

    འདི་ནི་མི་དམངས་ཉེན་རྟོག་པ་དང་གྲོང་མིས་མཉམ་དུ་ལ་ལ་བཟོ་བཞིན་པ།

    “དེ་སྔོན་ཧྲེང་5ཟིན་པའི་འོ་མར་སྒོར་100ཙམ་བྱས་ནས་འཚོང་གི་ཡོད་མོད། ད་ཆ་ལ་ལ་བཟོས་ནས་བཙོངས་ན་སྒོར་500ཙམ་རག་གི་འདུག ཉེན་རྟོག་ལས་དོན་ཁང་གི་མི་དམངས་ཉེན་རྟོག་པ་དངོས་གནས་གྱོང་པོ་འདུག” འདི་ནི་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་སྨོན་གྲུབ་སྡེ་ཁུལ་གྱི་གྲོང་མིས་ཉེ་དུས་ཅི་འཕྲོས་མོལ་འཕྲོས་ཤོད་རིང་གླེང་མང་བའི་སྐད་ཆ་ཞིག་རེད།

    དེ་ཡང་། སྒེར་རྩེ་རྫོང་སྤྱི་བདེ་ཅུས་སྨོན་གྲུབ་སྡེ་ཁུལ་ཉེན་རྟོག་ལས་དོན་ཁང་གི་མི་དམངས་ཉེན་རྟོག་པ་མང་ཚོགས་ཀྱི་ཁྱིམ་དུ་སྐྱོད་སྐབས་མང་ཚོགས་ཀྱིས་འོ་མ་རྒྱུན་གཏན་གྱི་འཚོ་བར་སྤྱོད་པ་དང་འཚོང་བ་ཕུད། ད་དུང་ལྷག་མ་ཡོད་ཚེ་འཕྲོ་བརླག་ཏུ་འགྲོ་སླ་པོ་ཡོད་པ་ཤེས། མང་ཚོགས་ཀྱི་འབབ་འཕར་གྱི་ནུས་པ་སྔར་བས་ཆེ་རུ་བཏང་ནས་མང་ཚོགས་ཀྱི་དཔལ་འབྱོར་ཡོང་འབབ་མང་དུ་གཏོང་ཆེད། མི་དམངས་ཉེན་རྟོག་པས་ཕ་ཡུལ་གྱི་ལ་ལ་བཟོ་སྟངས་དྲན་ནས་དྲན་ཤེས་ལྟར་དེ་གའི་མང་ཚོགས་དང་མཉམ་དུ་ལ་ལ་བཟོས་པ་རེད། ཉེ་འཁོར་མང་ཚོགས་ཀྱིས་གནས་ཚུལ་དེ་ཐོས་རྗེས་དེ་གར་ཡོང་ནས་ཚང་མས་ཇུས་ཤུགས་མཉམ་འདོན་བྱས་ཏེ་མཉམ་དུ་ལ་ལ་བཟོ་འགོ་བརྩམས།

    སྒེར་རྩེ་རྫོང་ནི་འབྲོག་ལས་གཙོ་བོར་བྱེད་པའི་རྫོང་གི་གྲས་ཤིག་ཡིན་པས། མང་ཚོགས་ཁྱིམ་གྱི་ཉིན་རེའི་འོ་མ་ཐོན་འབབ་ཅུང་མང་བ་དང་དུས་མཚུངས། ཡུལ་དེའི་མང་ཚོགས་དང་ཡུལ་སྐོར་བས་ལ་ལར་ཧ་ཅང་དགའ་པོ་ཡོད་པས། ལ་ལ་ནི་ས་གནས་དེ་གའི་ཡུལ་ཐོན་ཁྱད་རྫས་ཡིན་པའི་ཆ་ནས་འཚོང་ལམ་ཧ་ཅང་ཡག་པོ་ཡོད། མི་དམངས་ཉེན་རྟོག་པ་དང་མང་ཚོགས་མཉམ་དུ་འཛོམས་ནས་ལ་ལའི་རིན་གོང་དང་། དགའ་བསུ་ཐོབ་ཚད། ཁྲོམ་རའི་དགོས་མཁོ་སོགས་ཀྱི་གནས་ཚུལ་བརྗོད་དེ་བསམ་བློའི་ཐོག་ནས་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་གྱི་འདུ་ཤེས་འཛུགས་ཐུབ་པར་བྱས་ཡོད། མི་དམངས་ཉེན་རྟོག་པ་དང་མང་ཚོགས་ཀྱི་ཐུན་མོང་འབད་བརྩོན་འོག་འཚོལ་ཞིབ་དང་ཚོད་ལྟ་ཐེངས་མང་བྱས་པ་བརྒྱུད་མཐར་སྤུས་ཀ་ལོན་པའི་ལ་ལ་བཟོ་ཐུབ་པ་བྱུང་ཡོད།

    མི་དམངས་ཉེན་རྟོག་པས་མང་ཚོགས་ལ། སྦྱོང་བརྡར་མང་ཙམ་བྱེད་པ་དང་ཉམས་མྱོང་མང་ཙམ་བསགས་ནས་ལག་རྩལ་བྱང་ཆུབ་པ་དང་ལ་ལའི་སྤུས་ཚད་དེ་བས་ཡག་ཏུ་བཏང་ཚེ་ཚང་མས་དགའ་པོ་བྱེད་ངེས་ཡིན་ལ། ཚོང་ལེགས་སུ་ཕྱིན་ནས་འབབ་འཕར་ཕྱུག་འགྱུར་ཡོང་ཐུབ་ཅེས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྒེར་རྩེ་རྫོང་སྤྱི་བདེ་ཅུས་ཀྱིས་2023ལོར་སྒེར་རྩེ་རྫོང་སྨོན་གྲུབ་སྡེ་ཁུལ་དུ་སྡེ་ཁུལ་གྱི་ཉེན་རྟོག་ལས་དོན་ཁང་བཙུགས་ཚུན“མང་ཚོགས་ལ་བར་ཐག་མེད་པར་ཞབས་འདེགས”ཞུ་རྒྱུ་དེ་ལས་ཀའི་འདུ་ཤེས་ལ་བརྩིས་ནས། གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་དང་ཉེན་རྟོག་པ་དང་མང་ཚོགས་ཀྱི་འབྲེལ་བ་ཟབ་ཏུ་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།