དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • རྒྱལ་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་ལག་བསྟར་གོང་གི་རྒྱུ་ནོར་འགན་སྲུང་འདུན་ཞུ་ཕན་འབྲས་ཆེན་པོས་བསྒྲུབས་པར་སྒོར་ཁྲི་200ལྷག་ཙམ་ལ་འགན་ལེན་ཐུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-28

    ཉེ་ཆར་རྒྱལ་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་ལག་བསྟར་གོང་གི་རྒྱུ་ནོར་འགན་སྲུང་འདུན་ཞུ་ཐོག་མ་ཞིག་བདག་སྤྲོད་བྱས་ནས་དོ་བདག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད།

    དེ་གོང་རྒྱལ་རྩེ་རྫོང་གི་ཞིང་པའི་ཆེད་ལས་མཉམ་ལས་ཁང་ཞིག་གིས་སྐྱེ་ལྡན་ཐོན་ལས་ཚད་ཡོད་ཀུང་སི་ཞིག་གི་དབར་གན་རྒྱའི་རྩོད་གཞི་བྱུང་བས་ཀུང་སི་དེ་ཁྲིམས་ལ་སྦྱར་ཞིང་། རྒྱལ་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་གཙོ་སྐྱོང་བྱས་ནས་འདུམ་འགྲིག་བྱས་མཐར། 2024ལོའི་ཟླ་6ཚེས་30ཉིན་གོང་འོས་འགན་ཐེངས་གཅིག་ལ་བསྒྲུབ་རྒྱུའི་ཁ་ཆད་བྱས་མོད། ཡིན་ནའང་ཉེ་དུས་མཉམ་ལས་ཁང་གི་འགན་འཁུར་བ་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་སུ་ཡོང་ནས་ཞུ་སྦྱོར་ཕྱི་མའི་མིང་འོག་གི་དངུལ་ཁང་རྩིས་ཁྲའི་བཅོལ་དངུལ་གཞན་སྒྱུར་ཉེན་ཁ་ཆེ་བས། གལ་སྲིད་གན་རྒྱའི་དངུལ་དག་མ་རག་ཚེ་ལས་མི་བརྒྱ་ལྷག་ཙམ་ལ་གླ་ཆ་སྤྲོད་མི་ཐུབ་པར་བརྟེན་ཁྲིམས་ཁང་གིས་བཙན་ཤེད་ལག་བསྟར་སྔོན་ལ་བྱེད་རྒྱུའི་རེ་བ་ཞུས་ཡོད།

    དེ་རྗེས་ལག་བསྟར་ཅུས་ཀྱིས་འཕྲལ་མར་གྱོད་དོན་ཐོ་འགོད་ཁྲིམས་ར་དང་འབྲེལ་གཏུག་མཐུན་སྦྱོར་གྱིས་འགན་འཛིན་མེད་པར་ལག་བསྟར་གོང་གི་རྒྱུ་ནོར་འགན་སྲུང་འདུན་ཞུ་ཐོག་མ་བདག་སྤྲོད་བྱས་པས། ལག་འབྱོར་མ་དངུལ་སྒོར་ཁྲི་229.30ལྷག་ཙམ་འགན་ལེན་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།