དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ལྷུན་གྲུབ་རྫོང“ལས་བཟོའི་ཁེ་དབང་སྲུང་སྐྱོང་ཞབས་ཞུའི་ས་ཚིགས”ཀྱི་སྒོ་བྱང་དངོས་སུ་བཀལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-28

    ཉེ་ཆར། ལྷུན་གྲུབ་རྫོང་སྤྱི་ཁྱབ་བཟོ་ཚོགས་དང་རྫོང་ཁྲིམས་འཛིན་ཅུས་ཀྱིས་མཉམ་འབྲེལ་ཐོག“ལས་བཟོའི་ཁེ་དབང་སྲུང་སྐྱོང་ཞབས་ཞུའི་ས་ཚིགས”ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་པ་རེད།

    ལས་བཟོའི་ཁེ་དབང་སྲུང་སྐྱོང་ཞབས་ཞུའི་ས་ཚིགས་བཙུགས་པ་དེས་ལེགས་ཆ་གསབ་རེས་དང་། ཐོན་ཁུངས་མཉམ་སྤྱོད། མི་ཤུགས་སྡེབ་སྒྲིག་བཅས་ཡོང་རྒྱུ་དང་། ཁྲིམས་སྐྱོང་དྲིལ་བསྒྲགས་ཀྱི་ཁོར་ཡུག་ལེགས་སུ་འགྲོ་རྒྱུ། ལས་བྱེད་ལས་བཟོར་བཅའ་ཁྲིམས་ཞབས་ཞུའི“ལྗང་མདོག་བགྲོད་ལམ”མཁོ་འདོན་ཐུབ་རྒྱུ། འགལ་ཟླ་དང་རྩོད་གཞི་ཐབས་ལམ་མང་པོའི་ཐོག་ནས་སེལ་བར་སྐུལ་འདེད་ཐེབས་རྒྱུ། ལས་བཟོ་དང་ཁེ་ལས་ཀྱིས་བྱ་བ་སྒྲུབ་སྐབས་འགྲོ་སོང་ཆུང་དུ་དང་དུས་ཚོད་ཐུང་དུ་ཕྱིན་ནས་ལས་བཟོའི་ཁེ་དབང་སྲུང་སྐྱོང་གི་མ་གནས་སྔར་བས་དམའ་རུ་འགྲོ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།