དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • སྙེ་མོ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཆགས་སྲེད་གནོད་འཚེ་བཀག་འགོག་གི་བཅའ་ཁྲིམས་དྲིལ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-28

    སློབ་གྲྭར་ཁྲིམས་སྐྱོང་སློབ་གསོ་སྤེལ་བའི་ལས་དོན་ལ་སྔར་བས་སྐུལ་འདེད་བཏང་ནས་ན་སོ་དར་ལ་མ་བབས་པའི་མིའི་མི་ལུས་བདེ་འཇགས་སྲུང་སྐྱོང་དང་བཅའ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་ཆེད། ཉེ་ཆར། སྙེ་མོ་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་བཅའ་ཁྲིམས་དྲིལ་བསྒྲགས་ཞབས་ཞུའི་རུ་ཁག་གིས་རྫོང་སློབ་འབྲིང་དུ་བསྐྱོད་དེ་ཆགས་སྲེད་གནོད་འཚེ་བཀག་འགོག་སྐོར་གྱི་བཅའ་ཁྲིམས་དྲིལ་བསྒྲགས་བྱས་པ་རེད།

    བྱེད་སྒོ་སྤེལ་རིང་། སྙེ་མོ་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་གྱིས་ན་སོ་དར་ལ་མ་བབས་པའི་མིའི་སེམས་ཁམས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། སློབ་མ་སྒྲིག་འཛུགས་ཀྱིས་བཅའ་ཁྲིམས་ཁྱབ་གདལ་གྱི་བརྙན་ཐུང་བསྟན་པ་དང་འབྲེལ། ཆགས་སྲེད་གནོད་འཚེ་ཞེས་པ་ནི་གང་འདྲ་ཞིག་ལ་ཟེར་བ་དང་། རྒྱུན་མཐོང་གི་ཆགས་སྲེད་གནོད་འཚེ་གཏོང་སྟངས། ཆགས་སྲེད་གནོད་འཚེ་བཀག་འགོག་དང་ཆགས་སྲེད་གནོད་འཚེར་ངོས་འཛིན་ཡང་དག་ཇི་ལྟར་བྱེད་དགོས་པ་སོགས་ཀྱི་ལམ་ནས་སློབ་མར་འབྲེལ་ཡོད་བཅའ་ཁྲིམས་ཤེས་བྱ་གསལ་འགྲེལ་བྱས་ཏེ། ཆགས་སྲེད་གནོད་འཚེ་བཀག་འགོག་གི་ཁྲིམས་སྐྱོང་སློབ་གསོར་སློབ་མས་ཤེས་རྟོགས་ཐུབ་ཚད་ཟབ་ཏུ་བཏང་བས་སློབ་མ་རྣམས་ཀྱི་རང་སྲུང་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ཡོད།

    གོམ་སྟབས་རྗེས་མར། སྙེ་མོ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་སྐོར་གྱི་བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་མུ་མཐུད་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱིས་ན་སོ་དར་ལ་མ་བབས་པའི་མིར་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་ཁྲིམས་སྐྱོང་ཁོར་ཡུག་ཅིག་ཧུར་ཐག་གཏོད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།