དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • བོད་ཀྱིས“དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཟླ་བའི”བྱེད་སྒོ་སྣ་ཚོགས་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-28

    འདི་ལོའི་ཟླ་ལྔ་པ་ནི་རྒྱལ་ཡོངས་ཀྱི“དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཟླ་བ”ཐེངས་བཞི་པ་ཡིན་པ་དང་བརྗོད་དོན་གཙོ་བོ་ནི“དམངས་དོན་ཁྲིམས་གཞུང་མཛེས་སྡུག་ལྡན་པའི་འཚོ་བ་དང་མཉམ་དུ་འགྲོགས”ཞེས་པ་དེ་རེད། ཉེ་ཆར། བོད་རང་སྐྱོང་ལྗོངས་ཀྱི་2024ལོའི“དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཟླ་བའི”འགོ་ཚུགས་མཛད་སྒོ་ལྷ་སར་འཚོགས་ནས། 2024ལོའི“དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཟླ་བའི”བྱེད་སྒོ་རབ་དང་རིམ་པ་ཁྱོན་ཡོངས་ནས་སྤེལ་བ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་གླུ་ལེན་གར་འཁྲབ་དང་། གཏམ་བརྗོད་ཐུང་གྲས་སོགས་ངོ་མཚར་ཆེ་བའི་ཁྲིམས་སྐྱོང་རིག་རྩལ་ལེ་ཚན་སྣ་ཚོགས་རེས་མོས་ཀྱིས་འཁྲབ་སྟོན་བྱས་པ་མ་ཟད། བཅའ་ཁྲིམས་ཤེས་བྱའི་དྲི་བ་དྲིས་ལན་གྱི་ལྷུ་ཚིགས་ནང་གྲོང་མི་མི་ཉུང་བ་ཞིག་ཞུགས་པ་རེད། “བྱེད་སྒོ་དེ་རིགས་སྤྲོ་སྣང་ཆེ་ལ་ཤེས་བྱ་ཡང་སྦྱོང་ཐུབ་ཀྱི་འདུག སླད་ཕྱིན་བྱེད་སྒོ་དེ་རིགས་མང་ཙམ་སྤེལ་བའི་རེ་བ་ཡོད”ཅེས་གྲོང་མི་བསྟན་འཛིན་གྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།