དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • སྨར་ཁམས་སུ་བཅའ་སྡོད་ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གི་མེ་ཟོན་ཡན་ལག་རུ་ཁག་གིས།

    རྐང་ཐང་མར་ལྗིད་ཁུར་རི་འཛེག་སྦྱོང་བརྡར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-28

    འདི་ནི་རྐང་ཐང་མར་ལྗིད་ཁུར་རི་འཛེག་སྦྱོང་བརྡར་བྱེད་བཞིན་པ།

    སྦྱོང་བརྡར་ལ་དམ་འཛིན་ཡག་པོ་བྱས་ནས་དཔུང་ཁག་གི་སྦྱོང་བརྡར་སྤུས་ཚད་དང་ཕྱོགས་བསྡུས་འཕྲལ་སྡོམ་རོགས་སྐྱོབ་ནུས་པ་སྔར་བས་ཆེ་རུ་གཏོང་ཆེད། ཉེ་ཆར་སྨར་ཁམས་སུ་བཅའ་སྡོད་ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གི་མེ་ཟོན་ཡན་ལག་རུ་ཁག་གིས་རྐང་ཐང་མར་ལྗིད་ཁུར་རི་འཛེག་སྦྱོང་བརྡར་བྱས་པ་རེད།

    རྐང་ཐང་མར་ལྗིད་ཁུར་རི་འཛེག་སྦྱོང་བརྡར་རིང་། བཀོད་འཐབ་པ་ཡོངས་ཀྱིས་རྡོག་ཁྲེས་ཆ་སྙོམས་ལྗིད་ཚད་སྤྱི་རྒྱ་15འཁུར་ནས་དཀའ་ངལ་སྣ་ཚོགས་ཁྱད་བསད་དང་དཔའ་མི་ཞུམ་པའི་སྙིང་སྟོབས་ཐོག་ནས་ཕན་ཚུན་རོགས་རམ་དང་སྐུལ་མ་བྱས་ཏེ་ཆུ་ཚོད་2ནང་སྤྱི་ལེ་10དང་སྨི་400ཟིན་པའི་ལ་ཞིག་ལ་རྐང་ཐང་མར་འཛེགས་པ་རེད། ལྗིད་ཁུར་རི་འཛེག་སྦྱོང་བརྡར་ལས་རུ་མི་ཚོའི་སྙིང་རུས་ལ་ཞུན་བརྡར་དང་ངར་ཤུགས་འཕེལ་བ་མ་ཟད། ད་དུང་དཔུང་ཁག་གི་རྨང་གཞིའི་ལུས་ཟུངས་ཀྱང་སྔར་བས་ལེགས་སུ་ཕྱིན་ནས་གོམ་སྟབས་རྗེས་མར་དཔུང་ཁག་གིས་ས་དབྱིབས་རྙོག་འཛིང་ཆེ་བ་དང་དཀའ་ཚེགས་ཆེ་བའི་ཁོར་ཡུག་ནང་རོགས་སྐྱོབ་ལས་འགན་སྒྲུབ་པར་རྨང་གཞི་བརྟན་པོ་ཞིག་བཏིང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།