གཞིས་རྩེ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་མེ་སྐྱོན་སྔོན་འགོག་གི་ཤེས་བྱ་དྲིལ་བསྒྲགས་བྱས་པ།
འདི་ནི་མེ་ཟོན་དྲིལ་བསྒྲགས་མི་སྣས་མང་ཚོགས་ལ་མེ་གསོད་ཡོ་བྱད་སྤྱོད་སྟངས་སློབ་བཞིན་པ།
ཉེ་དུས་གཞིས་རྩེ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས“མི་ཚང་མས་བདེ་འཇགས་ལ་སྣང་ཆེན་དང་མི་ཚང་མས་འཕྲལ་སྡོམ་བྱ་སྤྱོད་སྤེལ་ཤེས་པ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་རིང་། མེ་ཟོན་དྲིལ་བསྒྲགས་མི་སྣས་མེ་ཟོན་གྱི་བློ་འདྲིའི་ལས་སྟེགས་བཙུགས་པ་དང་། འཕྲེད་ཡིག་བཀལ་བ། ཚན་རིག་ཁྱབ་གདལ་གྱི་དྲིས་ལན་འདེབས་པ་སོགས་ཀྱི་རྣམ་པ་བརྒྱུད། རྒྱ་ཆེའི་མང་ཚོགས་ལ་ས་ཡོམ་དང་ཆུ་ལོག་སོགས་གནོད་འཚེ་རིགས་མི་འདྲ་བའི་གཞི་རྩའི་གནས་ཚུལ་དང་རང་སྐྱོབ་རྒྱུན་ཤེས་གཙོ་གནད་ཐོག་ངོ་སྤྲོད་བྱས་ཁར། འགྲོ་འོང་བྱེད་མཁན་མང་ཚོགས་ལ་མེ་ཟོན་བདེ་འཇགས་སྐོར་གྱི་ཤེས་བྱའི་ལག་དེབ་དང་། མེ་འགོག་རང་སྐྱོབ་ཀྱི་བདེ་སྲུང་ཕྱོགས་སྟོན་སོགས་དྲིལ་བསྒྲགས་དཔྱད་གཞིའི་ཡིག་རིགས་དང་མེ་ཟོན་ཤེས་བྱའི་ལག་རྟགས་ཆུང་ངུ་སྤྲད་པ་རེད།