ཉིང་ཁྲི་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་ནས་སློབ་མ་བདེ་ཐང་ངང་འཚར་ལོངས་ཡོང་བར་རོགས་རམ་བྱས་པ།
ཉེ་ཆར་ཉིང་ཁྲི་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་སློབ་གྲྭའི་གཏུམ་སྤྱོད་དང་། སློབ་གྲྭའི་བརྙས་བཅོས། དེ་བཞིན་ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་བཅས་སྔོན་འགོག་བྱེད་པའི་ཆེད་དོན་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད།
ཆེད་དོན་འཆད་ཁྲིད་སྒྲིག་འཛུགས་བྱས་ནས་སྤེལ་བ། ཉིང་ཁྲི་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་འཆད་འཁྲིད་པ་གདན་དྲངས་ནས་གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མར“སློབ་གྲྭའི་གཏུམ་སྤྱོད་དང་བརྙས་བཅོས་འགོག་ཟོན”བྱེད་པའི་ཆེད་དོན་མཉམ་འགུལ་གྱི་འཆད་ཁྲིད་བྱས་པ་རེད། འཆད་ཁྲིད་ཐོག་སློབ་གྲྭའི་གཏུམ་སྤྱོད་དང་བརྙས་བཅོས་ཀྱི་ངོ་བོ་དང་། མཚོན་སྟངས། གནོད་འཚེ། དེ་བཞིན་མཇུག་འབྲས་སོགས་ཕྱོགས་དྲུག་གསལ་བཤད་བྱས་པ་རེད། འཆད་ཁྲིད་བྱ་ཡུལ་དུ་ཞིབ་དཔྱོད་དཔོན་དང་སློབ་མས་རེས་སྐོར་མང་བའི་མཉམ་འགུལ་སྤེལ་རེས་བྱས་པས་སློབ་མའི་ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་ཕྱིན་ཡོད།
ཉེན་གཏོང་སློབ་གསོ་སྒྲིག་འཛུགས་བྱས་ནས་སྤེལ་བ། ཉིང་ཁྲི་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་སློབ་ཕྱིའི་ལག་ལེན་རྟེན་གཞིའི་ལད་མོའི་ཁྲིམས་ཁང་དང་རིམ་ཁག་སྲིད་འཛིན་སྡེ་ཚན་གྱི་ནུས་པ་གང་ལེགས་བཏོན་ནས་ཉེ་དུས་རྒྱལ་ནང་དུ་ཐོན་པའི་ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་དང་། སློབ་གྲྭའི་གཏུམ་སྤྱོད། དེ་བཞིན་སློབ་གྲྭའི་བརྙས་བཅོས་བཅས་ཀྱི་དཔེ་མཚོན་གྱོད་དཔེ་དང་ཟུང་འབྲེལ་བྱས་ནས་སློབ་མ་སྒྲིག་འཛུགས་བྱས་ཏེ་ལད་མོའི་ཁྲིམས་རའི་ཉེན་གཏོང་སློབ་གསོ་སྤེལ་བ་རེད། གྱོད་དཔེ་དྲངས་ནས་ཁྲིམས་ཤོད་པ་དང་། གྱོད་དཔེ་དྲངས་ནས་ཁྲིམས་སྦྱོང་བ། གྱོད་དཔེ་དྲངས་ནས་བསླབ་སྡོམ་བྱེད་པ་བཅས་ཀྱི་བྱེད་སྟངས་བརྒྱུད་རྒྱ་ཆེའི་སློབ་མ་ཞུགས་སུ་བཅུག་སྟེ། བཅའ་ཁྲིམས་ཀྱི་སྒམ་ནན་རང་བཞིན་དང་གཞུང་དྲང་རང་བཞིན་དངོས་སུ་མྱོང་ཚོར་ཐུབ་པར་བྱས་པ་རེད།
བཅའ་ཁྲིམས་ཁྲིམས་སྲོལ་གྱི་དྲིལ་བསྒྲགས་སློབ་གསོ་སྒྲིག་འཛུགས་བྱས་ནས་སྤེལ་བ། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་ཁྲིམས་སྐྱོང་སློབ་གསོའི་སློབ་གྲྭའི་གཡུལ་ས་གཙོ་བོའི་ནུས་པ་ཧུར་ཐག་བཏོན་ཏེ་ཀུན་སྤྱོད་དང་ཁྲིམས་སྐྱོང་སློབ་ཚན་དང་། སློབ་གྲྭའི་གཏུམ་སྤྱོད་དང་སློབ་གྲྭའི་བརྙས་བཅོས་འགོག་ཟོན་བྱེད་པ། ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་སྔོན་འགོག་སོགས་སློབ་གསོའི་ནང་དོན་གཙོ་བོར་བརྩིས་ནས་སློབ་གསོ་བརྒྱབ་པ་དང་། སློབ་གྲྭའི་དྲིལ་བསྒྲགས་སྒྲོམ་སྟེགས་དང་། LEDབརྙན་ཤེལ། ནག་པང་ཚགས་པར་བཅས་ལ་བརྟེན་ནས《དམངས་དོན་ཁྲིམས་གཞུང》དང《ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས》སོགས་བཅའ་ཁྲིམས་ཁྲིམས་སྲོལ་རྒྱུན་རྣམ་ཅན་གྱི་སྒོ་ནས་དྲིལ་བསྒྲགས་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོ་སྤེལ་བ་ལས་རྒྱ་ཆེའི་དགེ་སློབ་ཀྱིས་སློབ་གྲྭའི་གཏུམ་སྤྱོད་དང་། སློབ་གྲྭའི་བརྙས་བཅོས། དེ་བཞིན་ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་བཅས་ལ་སྔོན་འགོག་གི་བསམ་བློའི་མཐོང་ཆེན་བྱེད་ཚད་མཐོ་རུ་ཕྱིན་ནས། གཞོན་ནུ་ལོ་ཆུང་གི་སློབ་མར་སྲུང་སྐྱོང་བྱེད་པའི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་ནུས་ལྡན་ཕྱིན་ཡོད་པ་རེད།