ལྷུན་རྩེ་རྫོང་གིས་ཁ་བསླུས་ལ་ངོ་རྒོལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།
སྤྱི་དམངས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་དོགས་ཟོན་གྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་ཆེད། ཉེ་ཆར་ལྷུན་རྩེ་རྫོང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱིས་རྫོང་སྤྱི་བདེ་ཅུས་དང་མཉམ་དུ“ཁ་བསླུས་ལ་ངོ་རྒོལ་གྱི་སྒྲོག་འགྲེལ་ཇ་ཁང་དུ་བྱེད། བདེ་འཇགས་དོགས་ཟོན་གྱི་བསམ་པ་སེམས་སུ་འཇགས”དང“བསམ་བློ་གསར་པ་བརྒྱུད་སྤེལ་གྱིས་དར་སྲོལ་གསར་པར་སྣེ་ཁྲིད་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བར་རྒྱ་ཆེའི་མང་ཚོགས་ཚོའི་དགའ་བསུ་ཆེན་པོ་དང་གདེང་འཇོག་མཐོ་པོ་ཐོབ་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ། དང་བླངས་པ་ཚོས་རྫོང་སྤྱི་བདེ་ཅུས་ཀྱི་རིམ་པ་གསུམ་པའི་ཉེན་རྟོག་དཔོན་སྤེན་པ་ཚེ་རིང་དང་མཉམ་དུ་ཁྲོམ་གཞུང་གི་ཇ་ཁང་ཆེ་ཁག་ཏུ་བསྐྱོད་དེ་མང་ཚོགས་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་བྱས་ཡོད། ཁོང་ཚོས་དྲིལ་བསྒྲགས་སྦྱར་ཚིག་མངོན་གསལ་དོད་སར་བཀལ་བ་དང་ཞིབ་ཚགས་ངང་བཟོས་པའི་དྲིལ་བསྒྲགས་ཡིག་རིགས་སྤྲད་ཅིང་། མང་ཚོགས་ཀྱི་ཉེ་འགྲམ་དུ་ཐོན་པའི་གྱོད་དཔེ་དངོས་དང་ཟུང་འབྲེལ་གྱིས་གློག་འཕྲིན་ཁ་བསླུས་ཀྱི་རྒྱུན་མཐོང་བྱ་ཐབས་དང་དབྱེ་འབྱེད་བྱེད་སྟངས་ལ་འགྲེལ་བཤད་གསལ་པོ་བརྒྱབ་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བྱེད་སྒོའི་ནང་གསར་བརྗེའི་གཏམ་རྒྱུད་ཀྱི་རི་མོའི་དེབ་20ལྷག་ཙམ་དང་དྲིལ་བསྒྲགས་ཁུག་མ་50ལྷག་སྤྲད་དེ་དྲང་ནུས་དང་ཁྲིམས་སྐྱོང་སྙིང་སྟོབས་ནུས་ལྡན་ངང་བརྒྱུད་སྤྲོད་བྱས་པ་རེད།