དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཁྲེང་ཀོན་ཆུས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོའི་བྱ་སྤྱོད་ལ་མུ་མཐུད་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-05-21

    གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོའི་བྱ་སྤྱོད་སྤེལ་ཚུན། ཁྲེང་ཀོན་ཆུས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་སྤུས་ཚད་མཐོ་རུ་གཏོང་རྒྱུ་དེ་ལས་ཀའི་དམིགས་ཚད་གལ་ཆེན་དུ་བརྩིས་ནས་ལས་དོན་སྤེལ་ཤུགས་མུ་མཐུད་ཆེ་རུ་བཏང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོའི་བྱ་སྤྱོད་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་བས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་སྔར་བས་ཆེ་རུ་ཕྱིན་ཡོད།

    ཉིན་ཤས་གོང་། ཁྲེང་ཀོན་ཆུས་ཀྱི་ཁྲོམ་གཞུང་ཁག་གིས་ཁྱོན་མི་1229བཏང་ནས་མཉམ་སྡོད་མཉམ་སྐྲུན་ཚན་པ་5དང་མི་1སྐུལ་སློང་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་ཆུ་འགྲོའི་ཁེབས་གཅོད་4བརྗེས་པ་དང་། བརྡ་ཁྱབ་བྱང་བུ་5བཤིག་པ། དྲིལ་བསྒྲགས་བྱེད་ས་2བཤིག་པ། གང་བྱུང་དུ་ཁྲིད་པའི་གློག་སྐུད་21བཅོས་སྒྲིག་བྱས་པ། ལམ་བཟུང་ཚོང་གཉེར་བྱེད་མཁན་334བཅོས་སྒྲིག་བྱས་པ། ཁྲོམ་གཞུང་དང་ས་སྟོང་གི་གད་སྙིགས་ཏུན་20.6གཙང་སེལ་བྱས་པ། ཁུལ་ཆུང་གི་གད་སྙིགས་ཏུན་5.7གཙང་སེལ་བྱས་པ། ཆུ་ཡུར་ནང་གི་གད་སྙིགས་ཏུན་11.1གཙང་སེལ་བྱས་པ། བརྡ་ཁྱབ་ཆུང་གྲས་29གཙང་ཕྱིས་བྱས་པ། རླངས་འཁོར་འཇོག་ཐིག་ཚད་ལྡན་མིན་པ་དང་རླངས་འཁོར་གང་བྱུང་དུ་བཞག་པའི་རིགས་372བཅོས་སྒྲིག་བྱས་པ། ཟོག་འདྲེན་འཁོར་གསུམ་སྦག་སྦག་འཇོག་ས་ཚད་ལྡན་རིགས་58བཅོས་སྒྲིག་བྱས་པ། ཟོག་རོ་གང་བྱུང་དུ་བཞག་རིགས་2བཅོས་སྒྲིག་བྱས་པ་རེད།

    གྲོང་ཁྱེར་དོ་དམ་སྒྲིག་བཀོད་བཅོས་སྒྲིག་བྱ་སྤྱོད་ཀྱི་ཆེད་དོན་ཚན་ཁག་གིས་མི་23བཏང་སྟེ་ལྗོངས་གཟིགས་སྟེགས་བུའི་མཐའ་འཁོར་དང་། ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་ཤར་སྒོ། རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་གི་རླངས་འཁོར་འཇོག་ས་སོགས་ཀྱི་ས་ཁོངས་ལ་གཙོ་གནད་ཐོག་སྐོར་ཞིབ་བྱས་པ་དང་། རྗེས་འདེད་བསྐོར་ཚོང་ཚོང་པ་28གཙང་སེལ་བྱས་པ། ལམ་བཟུང་ཚོང་གཉེར་བྱེད་མཁན་31དང་། ལམ་བཟུང་ཚ་ལ་རྒྱག་མཁན་1 ཅ་དངོས་གང་བྱུང་དུ་འཇོག་མཁན་43 ཚོང་ཁང་ཕྱི་རོལ་གྱི་ལམ་བཟུང་ནས་ཚོང་རྒྱག་མཁན་37བཅས་བཅོས་སྒྲིག་བྱས་པ། སྐོར་སྐྱོད་ཚོང་པ་251དང་། ཚ་ལ་རྒྱག་མཁན33 ཁྱིམ་ཆས་རྙིང་པ་འཚོང་མཁན་38བཅས་བཅོས་སྒྲིག་བྱས་པ། སྒྲིག་འགལ་ངང་བཞག་པའི་རྐང་འཁོར་126གཙང་སེལ་བྱས་པ་རེད།

    འགྲོ་ལམ་འགྲིམ་འགྲུལ་བཅོས་སྒྲིག་བྱ་སྤྱོད་ཀྱི་ཆེད་དོན་ཚན་ཁག་གིས་ཉེན་རྟོག་པ་མི་ཐེངས་1004བཏང་སྟེ་འགྲིམ་འགྲུལ་ཟང་ཟིང་གི་སྣང་ཚུལ་གཙང་སེལ་དང་བཅོས་སྒྲིག་ལས་དོན་སྤེལ་བ་རེད། བསྡོམས་རྩིས་བྱས་པར་གཞིགས་ན། མངགས་གཏོང་ཁང་དང་ས་ཚིགས་ཁག་གིས་ཁོངས་གཏོགས་ཁུལ་གྱི་འགྲིམ་འགྲུལ་ཉེན་རྟོག་པར་གཞོགས་འདེགས་བྱས་ནས་འགྲིམ་འགྲུལ་སྒྲིག་ལམ་ཐེངས་448བསྐྱངས་པ་དང་། ཁྲིམས་འགལ་ངང་རླངས་འཁོར་ཁ་བཀག་པའི་ཆད་གཅོད་བརྡ་ཐོ་6བཏང་བ། རླངས་འཁོར་2060གཙང་སེལ་དང་བཅོས་སྒྲིག་བྱས་པ། གཞུང་ལམ་འཕྲེད་བཅད་གཏོང་མཁན་དང་། ལམ་དཀྱིལ་ལྕགས་དྲ་བརྒལ་མཁན། གློག་སྒྲོན་དམར་པོ་བརྒལ་མཁན། རྨོག་ཞྭ་མ་གྱོན་པར་གློག་སྒུལ་སྦག་སྦག་གཏོང་མཁན་སོགས་ཀྱི་བྱེད་སྤྱོད་ཁག་1376ཤེས་རྟོགས་ཐུབ་པ་དང་ཡོ་བསྲང་བྱས་པ། བརྙན་ལམ་དུ་སྐོར་ཞིབ་ཐེངས་614བྱས་པ། འགྲིམ་འགྲུལ་དྲིལ་བསྒྲགས་ཐེངས་111སྤེལ་ནས་དྲིལ་བསྒྲགས་ཡིག་ཆ་12སྤྲད་པ། རིམ་ཁག་འགོ་ཁྲིད་ཀྱིས་ལྟ་སྐུལ་སློབ་སྟོན་དང་ཞིབ་བཤེར་ཐེངས་41བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།