མངའ་རིས་ས་ཁུལ་དུག་འགོག་གཞུང་དོན་ཁང་གིས་ཞིང་འབྲོག་ཁུལ་དུ་དུག་འགོག་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།
དུག་འགོག་དྲིལ་བསྒྲགས་ལས་དོན་གཏིང་ཟབ་སྤེལ་ནས་ཞིང་འབྲོག་ཁུལ་གྱི་དུག་འགོག་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་པ་དང་ཞིང་འབྲོག་མང་ཚོགས་ཀྱི་དུག་རྫས་ངོས་འཛིན་དང་། དུག་འགོག དུག་རྫས་མི་འཐེན་པ་བཅས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། ཞིང་འབྲོག་ཁུལ་གྱི་མང་ཚོགས་ཀྱི“བདེ་ཐང་གི་མི་ཚེ། ལྗང་མདོག་དུག་མེད”ཀྱི་འཚོ་བའི་འདུ་ཤེས་ལག་ལེན་བསྟར་བར་ཁྲིད་སྟོན་བྱེད་པ། དུག་འགོག་དྲིལ་བསྒྲགས་ཀྱི་ཁོར་ཡུག་ཟབ་མོ་གཏོད་པ་བཅས་བྱ་ཆེད་འདི་ལོ་ནས་བཟུང་མངའ་རིས་ས་ཁུལ་གྱི་ས་ཁུལ་དང་རྫོང་རིམ་གཉིས་ཀྱི་དུག་འགོག་གཞུང་དོན་ཁང་གིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཞིང་འབྲོག་ཁུལ་དུ་དུག་འགོག་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་རིང་། ལས་དོན་པས་དུག་འགོག་བཅའ་ཁྲིམས་ཤེས་བྱའི་འཆད་ཁྲིད་གཉེར་བ་དང་། འཕྲེད་འགེལ་སྦྱར་ཡིག་འགེལ་བ། ཞིང་འབྲོག་མང་ཚོགས་ལ་དུག་འགོག་དྲིལ་བསྒྲགས་དཔྱད་གཞི་སྤྲོད་པ། གྲོང་ཚོ་ཨུ་ལྷན་དུ“གྲོང་གསེབ་ཀྱི་དུག་འགོག་དེབ་ཁང”འཛུགས་པ་སོགས་བརྒྱུད་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་དུག་རྫས་ཀྱི་རིགས་དང་། ཁྱད་ཆོས། ཉེན་ཁ་དང་དེ་བཞིན་དུག་རྫས་ཀྱི་གནོད་འཚེ་བཀག་འགོག་དང་དུག་རྫས་ཀྱི་ཁྱད་ཆོས་སོགས་ཀྱི་ཤེས་བྱ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་ཅིང་། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་དུག་རྫས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ཐེར་འདོན་ཧུར་ཐག་བྱས་ཏེ། དུག་རྫས་རིང་དུ་སྤོང་བ་དང་དུག་མེད་ཀྱི་དུས་བདེའི་ཁྱིམ་གཞིས་མཉམ་སྐྲུན་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད། དེའི་རིང་ས་ཁུལ་དང་རྫོང་རིམ་གཉིས་དུག་འགོག་གཞུང་ལས་ཁང་གིས་དུག་འགོག་དྲིལ་བསྒྲགས་ཐེངས་21བྱས་པ་དང་། “གྲོང་གསེབ་ཀྱི་དུག་འགོག་དཔེ་སྒྲོམ”6བཙུགས་པ། དྲིལ་བསྒྲགས་དཔྱད་གཞི་ཁག་4000ལྷག་ཙམ་བཅས་སྤྲད་ཡོད་པ་རེད།