དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • ལང་ཚོ་རྒྱས་པའི་དུས་སུ་དཀའ་སྤྱད་ལས་ལ་གཞོལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-05-21

    བཀོད་འཐབ་པས་རྒན་རྒོན་ལ་ཚལ་ཞིང་འདེབས་རོགས་བྱེད་བཞིན་པ།

    སྦྱོང་བརྡར་བྱ་ཡུལ་ཡིན་པ།

    བཀོད་འཐབ་པས་རྒན་རྒོན་ལ་ཆུ་ལེན་བཞིན་པ།

    ཉེ་ཆར། ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་འཇོ་མདའ་རུ་འབྲིང་གིས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་བཀོད་འཐབ་པའི་འགན་འཁྲིའི་འདུ་ཤེས་དང་། དམངས་ཆེད་ཀྱི་འདུ་ཤེས། ལེགས་སྐྱེས་འབུལ་བའི་འདུ་ཤེས་བཅས་སྔར་བས་ཆེ་རུ་བཏང་བ་རེད། བྱེད་སྒོ་སྤེལ་རིང་འཇོ་མདའ་རུ་འབྲིང་གི་བཀོད་འཐབ་པ་10སྔ་པོ་ནས་རོགས་སྐྱོར་བྱ་ཡུལ་རྒན་རྒོན་ཚེ་སྒྲོན་གྱི་ཁྱིམ་དུ་བསྐྱོད་ནས་གོ་རིམ་ལྡན་ལ་ལས་ཕྱོད་ཆེ་བའི་སྒོ་ནས་རྒན་རྒོན་ལ་བུད་ཤིང་གཤགས་པ་དང་། ཆུ་ལེན་པ། གད་ཕྱིས་རྒྱག་པ་བཅས་བྱེད་རོགས་བྱས་ཡོད། གོམ་སྟབས་རྗེས་མར་འཇོ་མདའ་རུ་འབྲིང་གི་བཀོད་འཐབ་པ་ཡོངས་ཀྱིས་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ལ་བརྟེན་ནས་རྩལ་ནུས་སྦྱོང་བརྡར་བྱས་ཏེ་ལང་ཚོའི་ཕུགས་འདུན་མངོན་འགྱུར་དང་རོགས་སྐྱོབ་དམག་མི་རྩེ་གྲ་ཞིག་ཆགས་པར་བརྩོན་ལེན་བྱེད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།