སྔོན་སྤྲོད་གཱ་ཡི་འཛད་སྤྱོད་རྩོད་གཞི་ཡང་ཡང་ཐོན་པའི་རྒྱབ་ཀྱི་གནད་དོན་ཆེན་པོ་གསུམ་རྩད་འདེད་བྱེད་པ།
སྔོན་སྤྲོད་གཱ་ཡི་རིན་དོད་དངུལ་གྱི་བདེ་འཇགས་འགན་ལེན་མི་འདང་བ་ནི་ཐོག་མཐའ་བར་གསུམ་དུ་འཛད་སྤྱོད་པས་ཞུ་གཏུག་བྱེད་པའི་གནད་དོན་གཙོ་བོ་ཞིག་རེད། ཉེ་བའི་ལོ་ཤས་རིང་། སྔོན་སྤྲོད་རྣམ་པའི་འཛད་སྤྱོད་རྩོད་གཞི་ཡང་ཡང་ཐོན་པའི་གནད་དོན་ཐག་གཅོད་བྱ་ཆེད། རྒྱལ་ཡོངས་ས་གནས་ཁག་གིས་གཅིག་རྗེས་གཉིས་མཐུད་ངང་བཅོས་སྐྱོང་བྱ་ཐབས་སྤྱད་ཡོད། བྱེད་ཐབས་འདི་དག་ལ་ཕན་འབྲས་ཇི་འདྲ་ཐོན་པ་དང་། གནད་དོན་གང་དག་ད་དུང་ཐག་གཅོད་བྱེད་དགོས་པ་སོགས་ལ་དམིཌ་ནས། “ཤིན་ཧྭ་གསར་འགྱུར་ཁང་གི་དོ་གནད”ལེ་ཚན་གྱི་གསར་འགོད་པས་བརྟག་དཔྱད་བྱས་པ་རེད།