དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • སྨན་གླིང་སྤྱི་བདེས་སྒོ་ཕྱུཌ་རྐུ་མཁན་བཟུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-05-21

    འདི་ནི་ཕྱིར་སློག་མཛད་སྒོའི་ཐོག་སྒོ་ཕྱུགས་རྩིས་ལེན་མཁན་གྱི་མང་ཚོགས་ཚོས་མི་དམངས་ཉེན་རྟོག་པར་ཁ་བཏགས་གཡོགས་ནས་ཐུགས་རྗེ་ཆེ་ཞུ་བཞིན་པ།

    ཉེ་ཆར། སྨན་གླིང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ཉིན་ཤས་བསྟུད་མར་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། སྒོ་ཕྱུགས་བརྐུས་པའི་མུ་འབྲེལ་གྱོད་གཞི་ཞིག་བདེ་བླག་ངང་རྩད་ཆོད་ནས་ཉེས་གསོག་དོགས་ཅན་3བཟུང་བ་དང་། བརྐུས་པའི་སྒོ་ཕྱུགས་26ཚུར་བླངས་པ་རེད།

    ཟླ་2པ་ཚུན། སྨན་གླིང་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་རྒྱུན་གཏན་གྱི་ཞིབ་བཤེར་ལས་དོན་སྤེལ་སྐབས། མང་ཚོགས་མང་པོ་ཞིག་གིས་སྒོ་ཕྱུགས་མང་པོ་གར་སོང་ཆ་མེད་དུ་གྱུར་འདུག་པས། ཕལ་ཆེར་མི་གཞན་གྱིས་བརྐུས་པ་འདྲ་ཞེས་སྙན་སེང་ཞུས།

    མི་དམངས་ཉེན་རྟོག་པས་འཕྲལ་མར་ཁུངས་སྣེ་འཚོལ་བའི་ལས་དོན་སྤེལ་བ་དང་། ཕྱོགས་མང་པོ་ནས་འདྲི་རྩད་བརྟག་དཔྱད་བྱས་པ་བརྒྱུད། ཁོངས་གཏོགས་ཁུལ་དུ་གྲོང་མི་མང་པོ་ཞིག་གིས་གསོས་པའི་སྒོ་ཕྱུགས་རྐུ་ཤོར་བའི་གནས་ཚུལ་དངོས་གནས་ཡིན་པ་ར་སྤྲོད་བྱུང་ཡོད། འོན་ཀྱང་རྐུ་ཤོར་བའི་གྱོད་གཞི་ཐོན་ས་མང་ཆེ་བ་གྲོང་གསེབ་ཀྱི་ལུང་ཁུག་དུ་གནས་པ་དང་། ས་རྒྱ་ཆེ་ལ་མི་ཉུང་བ། མཚན་མོར་ལྟ་སྲུང་བྱེད་མཁན་མེད་པ་སོགས་ཀྱི་དབང་གིས་དོ་དམ་སྟོང་ཆར་གྱུར་པ་མ་ཟད། ཉེས་གསོག་དོགས་ཅན་ལ་མྱུལ་ཞིབ་ལ་ངོ་རྒོལ་གྱི་འདུ་ཤེས་ཅུང་ཆེན་པོ་ལྡན་པ་དང་བརྐུས་རྗེས་མྱུར་དུ་བྲོས་འགྲོ་བས་གྱོད་གཞི་རྩད་ཆོད་དཀའ་བར་གྱུར་ཡོད།

    ཁུངས་སྣེ་ཤེས་རྟོཌ་ཐུབ་རྗེས། སྨན་གླིང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་འཕྲལ་དུ་ཉེན་རྟོག་པ་ཧྲག་སྒྲུག་གིས་ཆེད་སྒྲུབ་ལས་དོན་ཚོགས་ཆུང་བཙུགས་ནས་མྱུལ་ཞིབ་བྱས་པ་རེད། མྱུལ་ཞིབ་མི་དམངས་ཉེན་རྟོག་པས་གྱོད་གཞི་ཐོན་ས་གཙོ་བོར་བཟུང་བ་དང་། མྱུལ་ཞིབ་ཀྱི་བྱེད་ཐབས་མང་པོ་སྤྱད་མཐར་ཉེས་གསོག་དོགས་ཅན་གཏན་འཁེལ་ཐུབ་པ་མ་ཟད་བདེ་བླག་ངང་བཟུང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།