དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་ཉོ་སྐྱེལ་གློག་སྒུལ་སྦག་སྦག་གི་ཁྲིམས་འགལ་བྱེད་སྤྱོད་ལ་རྒྱུན་མཐུད་ཆེད་དོན་བཅོས་སྒྲིག་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-05-21

    ཉོ་སྐྱེལ་ལས་རིགས་ཀྱི་གློག་སྒུལ་སྦག་སྦག་གི་སྒྲིག་ལམ་སྔར་བས་ཚད་ལྡན་དུ་གཏོང་བ་དང་། གློག་སྒུལ་སྦག་སྦག་དང་འབྲེལ་བ་ཡོད་པའི་འགྲིམ་འགྲུལ་ལས་འཛོལ་སྔོན་འགོག་དང་ཉུང་དུ་གཏོང་ཆེད། ཟླ་5ཚེས་8ཉིན་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གྲོང་ལྷོ་རུ་ཆེན་གྱིས་རྔ་ཆེན་ཝན་ཏ་ཚོང་རའི་ཉེ་འཁོར་གྱི་འགྲོ་ལམ་དུ་ཉོ་སྐྱེལ་གློག་སྒུལ་སྦག་སྦག་གི་འགྲིམ་འགྲུལ་ཁྲིམས་འགལ་གྱི་ཟང་ཟིང་རྣམ་པར་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་བ་རེད།

    བཅོས་སྒྲིག་བྱ་སྤྱོད་ལ་ཕན་འབྲས་ཐོན་པའི་འགན་ལེན་བྱ་ཆེད། ཁྲིམས་སྒྱུར་མི་དམངས་ཉེན་རྟོག་པས“ཉིན་མཚན་དབྱེར་མེད་དང་། དུས་མཚམས་ཧྲིལ་པོ། ཀུན་ལ་ཁྱབ་པ”བཅས་ཀྱི་དོ་དམ་བྱེད་སྟངས་སྤྱད་དེ་དམིགས་འཛུགས་ཞིབ་བཤེར་ཡོ་བསྲང་ཚོགས་ཆུང་དང་འདྲུད་འཁོར་ཚོགས་ཆུང་བཙུགས་ནས་ཟ་མ་སྐྱེལ་མང་བའི་དུས་སུ་ཉོ་སྐྱེལ་འཁོར་པས་རྔ་ཆེན་ཝན་ཏ་ཚོང་རའི་ཉེ་འཁོར་དུ་གང་འདོད་ལྟར་ཁྲིམས་འགལ་ངང་གློག་སྒུལ་སྦག་སྦག་འཇོག་པ་དང་། དུས་ཡུན་རིང་པོར་འཕྲུལ་སྒུལ་འཁོར་ལམ་བཟུང་བ་སོགས་ཀྱི་ཁྲིམས་འགལ་ཟང་ཟིང་གི་སྣང་ཚུལ་ལ་བརྟག་དཔྱད་ནན་པོ་བྱས་པ་རེད། “ཁྲིམས་ལས་འགལ་བ་ཤེས་ན་ངེས་པར་དུ་ཡོ་བསྲང་དང་། ཁྲིམས་འགལ་ཡོ་བསྲང་བྱེད་པར་ངེས་པར་དུ་ཆད་པ་གཅོད་པ། ཉེས་ཆད་ནན་པོ་གཅོད་པ”བཅས་ཀྱི་རྩ་དོན་ནན་པོ་གཞིར་བཟུང་ཉོ་སྐྱེལ་འཁོར་པའི་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་ཡོ་བསྲང་དང་ཆད་པ་བཅད་པ་རེད། ཁྲིམས་སྒྱུར་ནན་པོ་བྱེད་པ་དང་ཆབས་ཅིག ཁྲིམས་སྒྱུར་མི་དམངས་ཉེན་རྟོག་པས་ཀྱང་ཉོ་སྐྱེལ་འཁོར་པར་སློབ་གསོ་དང་ཁྲིད་སྟོན་བྱ་རྒྱུར་མཐོང་ཆེན་བྱས་ཏེ“སྔོན་ལ་སློབ་གསོ་དང་རྗེས་ལ་ཆད་པ་གཅོད་པའི”རྩ་དོན་སྤྱད་དེ། ཉོ་སྐྱེལ་འཁོར་པར་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ཀྱི་གནོད་འཚེའི་རང་བཞིན་འགྲེལ་བཤད་བརྒྱབ་སྟེ། ཁོང་ཚོར་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་རང་རྟོགས་ངང་བདེ་འཇགས་ཁྲིམས་སྲུང་གི་སྒོ་ནས་སྦག་སྦག་གཏོང་དགོས་པའི་ཁྲིད་སྟོན་བྱས་པ་རེད།

    གོམ་སྟབས་རྗེས་མར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གྲོང་ལྷོ་རུ་ཆེན་གྱིས་དྲིལ་བསྒྲགས་སློབ་གསོ་དང་ཆད་གཅོད་ཟུང་འབྲེལ་གྱི་བཅོས་སྐྱོང་བྱེད་སྟངས་མུ་མཐུད་མཐའ་འཁྱོངས་བྱས་ནས་རྒྱུན་རྣམ་ཅན་གྱི་སྒོ་ནས་གློག་སྒུལ་སྦག་སྦག་ཕྱོགས་བསྡུས་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་ཏེ། གྲོང་མིར་བདེ་འཇགས་དང་། སྒྲིག་ལམ་ལྡན་པ། ཤར་གཏོང་ཐུབ་པ་བཅས་ཀྱི་འགྲིམ་འགྲུལ་ཁོར་ཡུག་ཅིག་གཏོད་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།