དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་དམིགས་བསལ་གདན་ཞུའི་ལྟ་སྐུལ་བའི་ཚོགས་འདུ་སྐབས་དང་པོ་འཚོགས་ནས་གདན་ཞུའི་ཡི་གེ་སྤྲད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-05-21

    སྤྱི་ཚོགས་ལས་རིགས་ཁག་གི་ལྟ་སྐུལ་སྔར་བས་དང་ལེན་བྱས་ནས་ཁྲིམས་འཛིན་འདྲི་གཅོད་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་མི་དམངས་དམངས་གཙོ་ལག་ལེན་བསྟར་ཆེད། ཉེ་ཆར། ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་དམིགས་བསལ་གདན་ཞུའི་ལྟ་སྐུལ་བའི་ཚོགས་འདུ་སྐབས་དང་པོ་དང་གདན་ཞུའི་ཡི་གེ་སྤྲོད་པའི་མཛད་སྒོ་འཚོགས་པ་རེད། དམིགས་བསལ་གདན་ཞུའི་ལྟ་སྐུལ་བས་གཏུག་བཤེར་ཞབས་ཞུའི་ལྟེ་གནས་དང་ཁྲིམས་དཔོན་གྱི་ཁྱིམ་གཞིས་ལ་ལྟ་སྐོར་བྱས་ནས་འདྲི་གཅོད་ལག་བསྟར་དང་། སྤྱི་ཡོངས་ལ་ཞབས་ཞུ། དཔུང་ཁག་འཛུགས་སྐྱོང་སོགས་ལ་རྒྱུས་ལོན་དང་སྤེལ་རེས་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འོས་སྦྱོར་དང་། རྟོག་ཞིབ། ཞིབ་དཔྱད་བཅས་བྱས་པ་བརྒྱུད། ད་རེས་གདན་དྲངས་པའི་དམིགས་བསལ་གདན་ཞུའི་ལྟ་སྐུལ་བ་ལྔ་པོ་དེ་དག་ཏང་སྲིད་ལས་ཁུངས་དང་། མི་དམངས་ཚོགས་པ། ཁེ་ལས་དང་བྱ་གཞག་ཚན་པ། གཞི་རིམ་མང་ཚོགས་བཅས་ནས་ཡོང་པ་དང་། དྲིལ་བསྒྲགས་དང་། གསར་འགྱུར། ཁེ་ལས། གྲོང་ཚོ་ཨུ་ལྷན་སོགས་ཁྱབ་ཁོངས་སུ་བསྐྱོད་པ་རེད། ད་རེས་ཀྱི་དམིགས་བསལ་གདན་ཞུའི་ལྟ་སྐུལ་བའི་གདན་ཞུའི་དུས་ཡུན་ལོ་ལྔ་ཡིན་པ་དང་། དེའི་རིང་། ཁོང་ཚོས་གྲོང་ཁྱེར་ཁྲིམས་ཁང་གི་འབྲེལ་ཡོད་ལས་དོན་ཚོགས་འདུར་ཞུགས་པའམ་ཡང་ན་ཟུར་ཞུགས་བྱས་པ་བརྒྱུད། ཁྲིམས་རའི་གྱོད་གཞིའི་འདྲི་གཅོད་ལ་ཟུར་ཉན་དང་གྱོད་གཞི་ལག་བསྟར་གྱི་དཔང་པོ་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ། ལྟ་སྐུལ་གྱི་འགན་འཁྲི་ཁུར་ནས་གྲོང་ཁྱེར་ཁྲིམས་ཁང་གིས་འདྲི་གཅོད་ལག་བསྟར་དང་དེ་བཞིན་དཔུང་ཁག་འཛུགས་སྐྱོང་སོགས་ཀྱི་ལས་དོན་ལ་ལྟ་སྐུལ་དང་། བསམ་འཆར་དང་གྲོས་འགོ་འདོན་པ། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདུན་པ་བརྗོད་པ་བཅས་བྱེད་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།