དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • སྒྲིག་བཀུར་ཁྲིམས་སྲུང་སེམས་རྒྱུད་ལ་འཇགས་པ་དང་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས།

    རང་ལྗོངས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་ནུས་ལྡན་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-05-21

    སྒྲིག་ཁྲིམས་ནི་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི“གཅུན་ལྕག”ལྟ་བུ་ཡིན། སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་རྩ་བཅོས་ཐབས་ཇུས་ཤིག་རེད། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་། ལྗོངས་ཡོངས་ཀྱི་རིམ་པ་ཁག་གི་ཏང་ཨུད(ཏང་ཙུའུ)ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། དཔེ་ཀློག་འཛིན་གྲྭ་དང་། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག” བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་སོགས་ཀྱི་རྣམ་པར་བརྟེན་ནས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ། བློ་རྩེ་གཅིག་སྒྲིམ་གྱིས《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)སློབ་སྦྱོང་བྱས་ནས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་དེ་ཉིད་སྒྲིག་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཏང་གཤིས་བློ་སྦྱོང་གོང་མཐོར་གཏོང་བའི་བརྒྱུད་རིམ་ཞིག་ཏུ་དངོས་འབྲེལ་འགྱུར་བར་བྱས་ཡོད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བརྗོད་དོན། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ། རང་རྟོགས་ངང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཞུན་བརྡར་དང་ཉམས་སད་ཐེག་པ་དང་། སེམས་རྣལ་དུ་ཕབ་ནས་ཁྲིམས་སྦྱོང་བའི་ཁྲོད་ཏང་གཤིས་ལ་ཞུན་བརྡར། སྒྲིག་ཁྲིམས་ཡང་དག་ཤེས་པའི་ཁྲོད་གཏམ་སྤྱོད་ལ་ཡོ་བསྲང་། སྒྲིག་ཁྲིམས་དམ་པོ་དང་ཚད་མར་འཛིན་པའི་ཁྲོད་རང་ཟོན་རང་སྐུལ། སྒྲིག་ཁྲིམས་ནན་པོ་སྲུང་བའི་ཁྲོད་རང་འགན་ཐེག་པ་ཁུར་ལེན་བཅས་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དེ་ནང་སེམས་རྒྱུད་ལ་འཇགས་པ་དང་ཕྱི་ལག་ལེན་དུ་འཁྱོལ་བ་བྱས་ནས། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ནུས་ཤུགས་ཡོད་རྒུས་ཡག་པོ་རྩོམ་དགོས།

    ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བར་འགན་ལེན་བྱ་ཆེད། ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་ཨུད་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཐོག་ཏུ་བརྟན་པོ་ཁུར་ནས། རྫོང་ཨུད་རྩ་འཛུགས་པུའུ་ཡིས་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་དང་མཉམ་དུ་ཆུ་གསུམ་རྫོང་གི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་དོན་གྱི་ཆེད་དོན་ཚན་ཁག་བཙུགས་ཏེ། རང་སྐྱོང་ལྗོངས་དང་ལྷོ་ཁ་གྲོང་ཁྱེར་གྱི་སློབ་སྦྱོང་སློབ་གསོའི་ལག་བསྟར་ཇུས་གཞི་དང་ཡང་ཡང་བསྡུར་བ་དང་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས། 《ཆུ་གསུམ་རྫོང་གི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བའི་ལག་བསྟར་ཇུས་གཞི》བཟོས་ཏེ། དམིགས་ཚད་ཀྱི་ཁ་ཕྱོགས་མི་འཛོལ་བ་དང་། ལྟེ་བ་མི་བསྒྱུར་བ། བྱེད་ཐབས་མི་ལུས་པ་བཅས་ཀྱི་འགན་ལེན་བྱས་ཡོད། མིག་སྔའི་བར་རྫོང་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་98ཀྱིས་སྒུག་པ་རྟེན་པའི་བསམ་བློ་སྤངས་ནས་རང་འགུལ་ངང་སྐུལ་འདེད་བཏང་སྟེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་འགོ་ཚུགས་བཀོད་སྒྲིག་ལས་དོན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་ཡོད། དེ་དང་ཆབས་ཅིག“དྲ་འཕྲིན་ཆུ་གསུམ”དང“ཆུ་གསུམ་མཉམ་འདྲེས་སྨྱན་སྦྱོར་གྱི་ཁྱུག་དབྱིངས་ཨང་རྟགས”སོགས་ཀྱི་སྤྱི་རྟགས་དང་ལས་སྟེགས་ལ་བརྟེན་ནས་དུས་ཐོག་ཏུ་རྩོམ་ཡིག་བརྒྱུད་བསྐུར་དང་གསལ་འགྲེལ་བྱས་ཏེ། སློབ་སྦྱོང་སློབ་གསོའི་གཞི་རྟེན་ཕུན་སུམ་ཚོགས་པ་དང་ཁྱབ་སྤེལ་ནུས་ལྡན་ཡོང་རྒྱུ་འགན་ལེན་བྱས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་རྣམ་པ་ཟབ་མོ་བཏོད་ཡོད།

    ཟླ་5ཚེས་17ཉིན་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་མཉེས་ཐང་ཤང་ཏང་ཨུད་ཀྱི“ཏང་གི་སློབ་གྲྭ་ཆུང་གྲས”ཀྱི་འཛིན་གྲྭ་འགོ་ཚུགས་པ་རེད། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཨུ་ཡོན་བོད་ལྗོངས་ཀྲུང་ཡོན་ཨར་ལས་རྒྱུ་ཆ་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་སྒྲོལ་དཀར་གྱིས། 《བློ་བརྟན་འགྱུར་མེད་ཏང་གི་རྗེས་སུ་འབྲང་། དྲིན་ཚོར་མདུན་སྐྱོད་མུ་མཐུད་ལམ་ལ་ཆས》ཞེས་པ་འགོ་བརྗོད་དུ་བྱས་ནས་གསོན་ཉམས་དོད་ལ་ངོ་མཚར་ཆེ་བའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆེད་དོན་ཏང་གི་སློབ་ཚན་ཞིག་འཚོགས་པ་རེད། མཉེས་ཐང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཚེ་བརྟན་བསམ་གྲུབ་ཀྱིས། ཕྱོགས་གཉིས་ལ་དམ་འཛིན་དང་གཉིས་ཀར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བླང་བྱ་དོན་འཁྱོལ། ས་གནས་དེ་ག་དང་ཤང་དང་གྲོང་རྡལ་དེ་གའི་གཙོ་གནད་ལས་དོན་ལེགས་སྒྲུབ་བཅས་དང་ཟུང་འབྲེལ་དམ་ཟབ་བྱས་ནས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་དངོས་ལ་འགྱུར་བར་བྱེད་དགོས་ཞེས་བཤད་པ་རེད།

    ཉེ་ཆར་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་ངར་རབ་གྲོང་རྡལ་སྤང་དགའ་ཐང་སྡེ་ཁུལ་གྱིས“ཏང་གི་སྒྲིག་ཁྲིམས་སློབ་ཚན”གྱི་ཆེད་དོན་སློབ་ཁྲིད་བྱེད་སྒོ་སྤེལ་ནས། སྡེ་ཁུལ་གྱིས་ཆེད་མངགས་གདན་ཞུ་བྱས་པའི“ཏང་གི་སྒྲིག་ཁྲིམས་སློབ་ཚན”གྱི་གཏམ་བཤད་པར་ལག་ཁྱེར་སྤྲད་པ་དང་། ཆེད་མངགས་གདན་ཞུ་བྱས་པའི་གཏམ་བཤད་པས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་དམིགས་ནས་སྡེ་ཁུལ་གྱི་ནོར་དོན་དོ་དམ་དང་མ་དངུལ་བེད་སྤྱོད་སོགས་ཀྱི་ཐད་ལ་གཏིང་ཟབ་པའི་ཆེད་དོན་སློབ་ཁྲིད་བྱས་པས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་སྒྲིག་ཁྲིམས་ལ་གོ་བ་སྔར་བས་ཟབ་མོ་ལེན་ཐུབ་ཡོད། རྒྱ་ཚ་རྫོང་ངར་རབ་གྲོང་རྡལ་སྤང་དགའ་ཐང་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་ཚེ་རིང་གིས། སྡེ་ཁུལ་གྱིས་ཟླ་རེའི་ཚེས་15ཉིན་སྡེ་ཁུལ་གྱི“ཏང་གི་སྒྲིག་ཁྲིམས་སློབ་ཚན་ཉིན་མོར”གཏན་འཁེལ་བྱས་ནས་སྡེ་ཁུལ་གྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏོང་སྟངས་སྣུར་སྲིང་བྱས་ཏེ། སྤྱོད་བཟང་གཞུང་དྲང་གི་ཁོར་ཡུག་བཟང་པོ་སྔར་བས་བཏོད་ནས། སྡེ་ཁུལ་གྱི་བྱ་གཞག་ཁག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་གི་ཡོད་ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།