དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་གིས་མེ་ཟོན་བདེ་འཇགས་ཁྱབ་ཁོངས་ཀྱི་མེ་ཟོན་ཞིབ་བཤེར་ལས་དོན་གྱི་མཐུན་སྦྱོར་ལམ་སྲོལ་བཟོས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-05-21

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་དང་ས་སྐྱ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་མེ་ཟོན་ཞིབ་བཤེར་ལས་དོན་གྱི་མཐུན་སྦྱོར་ལམ་སྲོལ་གྱི་གན་འཇོག་མཛད་སྒོ་གཉེར་བ་རེད།

    མཛད་སྒོར་ས་སྐྱ་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་དང་ས་སྐྱ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས《ས་སྐྱ་རྫོང་གི་མེ་ཟོན་ཞིབ་བཤེར་ལས་དོན་གྱི་མཐུན་སྦྱོར་ལམ་སྲོལ(ཚོད་ལྟའི་ལག་བསྟར)》ལ་མཉམ་དུ་མིང་རྟགས་བཀོད་པ་དང་། ཕྱོགས་གཉིས་ཀྱིས་ཆེས་མཐོའི་ཞིབ་དཔྱོད་ཀྱི“ཞིབ་དཔྱོད་གྲོས་འགོ་ཨང་བརྒྱད་པའི”ལས་དོན་གྱི་བླང་བྱར་དམིགས་ནས། ས་སྐྱ་རྫོང་གི་མེ་ཟོན་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་དུས་བབ་གསར་པ་དང་གནད་དོན་གསར་པ་དང་། དེ་བཞིན་མེ་ཟོན་སྲིད་འཛིན་གྱོད་གཞིའི་ཆ་འཕྲིན་མཉམ་སྤྱོད་དང་། ཁུངས་སྣེ་སྐྱེལ་བ། རྒྱུན་གཏན་དྲིལ་བསྒྲགས་སོགས་ཀྱི་ལས་དོན་ལམ་སྲོལ་དང་སྤྱི་པའི་མེ་ཟོན་བདེ་འཇགས་བཅོས་སྐྱོང་གི་དཀའ་གནད་སེལ་བ་སོགས་ཀྱི་ཐད་སྤེལ་རེས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།