དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས།

    གཞི་རིམ་གྱི་འཐབ་ས་དང་པོར་ཁྲིམས་སྐྱོང་སྐོར་སྐྱོད་ཀྱི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-15

    ཉེ་ཆར་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་པས་རྒྱ་མ་ཤང་དུ་བསྐྱོད་དེ། 2024ལོའི་ཁྲིམས་སྐྱོང་སྐོར་སྐྱོད་ཀྱི་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཞིང་། རྒྱ་མ་ཤང་གི་གྲོང་ཚོ་ཁག་གི“ཨུ་ལྷན་གཉིས”ཀྱི་ཨུ་ཡོན་དང་། གཞི་རིམ་གྱི་སྒྲོག་འགྲེལ་པ། ཏང་ཡོན་དང་མང་ཚོགས་ཀྱི་འཐུས་མི་ཁག་གཅིག་བཅས་ཁྱོན་མི་60ལྷག་ཙམ་ཞུགས་ཡོད།

    ད་རེས་སྐོར་སྐྱོད་ཀྱི་སྒྲོག་འགྲེལ་བྱེད་སྒོ་སྤེལ་རིང་། མལ་གྲོ་གུང་དཀར་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་བཅའ་ཁྲིམས་སྒྲོག་འགྲེལ་པས་ཡུལ་མིའི་དོན་དངོས་འཚོ་བར་དམ་པོར་དམིགས་པ་དང་རྒྱུན་དུ་ཐོན་པའི་གྲོང་པ་ཁྱིམ་མཚེས་དབར་གྱི་རྩོད་གཞི་དང་། གཉེན་སྒྲིག་ཁྱིམ་ཚང་གི་རྩོད་གཞི། གན་རྒྱའི་རྩོད་གཞི། གློག་འཕྲིན་ཁ་བསླུས་ཀྱི་རྩོད་གཞིའི་ཁྱབ་ཁོངས་སོགས་ཀྱི་བརྗོད་གཞིར་དམིགས་ནས་ཉེ་འགྲམ་གྱི་དོན་དངོས་གྱོད་དཔེ་འཇུག་གཞིར་བྱས་ཁར་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་གྱོད་དཔེ་དྲངས་ཏེ། ཞིང་འབྲོག་མང་ཚོགས་ལ་འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་འགྲེལ་བཤད་བརྒྱབ་ཡོད།

    མིག་སྔའི་བར། མལ་གྲོ་གུང་དཀར་རྫོང་གིས་ཁྲིམས་སྐྱོང་སྐོར་སྐྱོད་ཀྱི་སྒྲོག་འགྲེལ་ཐེངས་9བྱས་པར་མང་ཚོགས་710ལྷག་ཙམ་ལ་ཕན་པ་ཐོབ་པ་མ་ཟད། གཞི་རིམ་གྱི་སྒྲོག་འགྲེལ་པས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང(ས་ཚིགས)སོགས་བྱེད་སྒོ་སྤེལ་ཡུལ་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་། རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན། ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན། སྐྱེ་ཁམས་ཤེས་དཔལ། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ སོལ་རླངས་བདེ་འཇགས། ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོའི་བྱ་སྤྱོད་སོགས་ཀྱི་ནང་དོན་ལ་དམིགས་ནས་སྒྲོག་འགྲེལ་ཐེངས་40ལྷག་ཙམ་བྱས་པར་མང་ཚོགས་2300ལྷག་ཙམ་ལ་ཕན་པ་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།