དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རང་ལྗོངས་ཀྱིས་2023ལོའི་བཟའ་བཅའི་བདེ་འཇགས་ལས་དོན་ལ་དཔྱད་ཞིབ་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་དག་ཐེར་གྱི་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-14

    ཉེ་ཆར། རང་སྐྱོང་ལྗོངས་སྲིད་གཞུང་གིས་2023ལོའི་བཟའ་བཅའི་བདེ་འཇགས་ལས་དོན་གྱི་དཔྱད་ཞིབ་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་ལ་དག་ཐེར་གྱི་བཀོད་སྒྲིག་ཚོགས་འདུ་འཚོགས་པ་རེད།

    ཚོགས་འདུའི་ཐོག རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་བཅའི་བདེ་འཇགས་ཨུ་ལྷན་གྱི་བརྡ་ཁྱབ་དགོངས་དོན་བརྒྱུད་བསྒྲགས་བྱས་རྗེས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ནན་ཤོས་བཞིའི”བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་བྱས་ནས། བཟའ་བཅའི་བདེ་འཇགས་ཀྱི་འཁོར་འབྲེལ་ཧྲིལ་པོ་དང་ལྷུ་ཚིཌ་ཡོངས་ལ་ལྟ་འདོམས་མུ་མཐུད་ཡག་པོ་བྱས་ཏེ་མི་དམངས་མང་ཚོཌ་ཀྱི“ལྕེ་ཐོག་གི་བདེ་འཇཌ”ནུས་ཤུཌ་ཡོད་རྒུས་སྲུང་སྐྱོང་བྱེད་དགོས་ཞེས་བསྟན་ཡོད།

    ཚོགས་འདུའི་ཐོག སློབ་གྲྭའི་བཟའ་བཅའི་བདེ་འཇགས་ཀྱི་ཆེད་དོན་བཅོས་སྒྲིག་ལ་མུ་མཐུད་སྐུལ་འདེད་དང་ཞིང་ཆེན་དབར་སྣོལ་སྡེབ་ཞིབ་བཤེར་བྱས་ནས་ཤེས་རྟོགས་བྱུང་བའི་གནད་དོན་དག་ཐེར་བྱེད་པའི་ལས་དོན་ལ་དམ་འཛིན་ནན་པོ་བྱེད་དགོས། ཞིབ་འཇུག་དང་དབྱེ་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཉམས་མྱོང་དང་བྱེད་སྟངས་ཕྱོགས་བསྡོམས་བྱེད་པ། ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་བཟའ་བཅའི་བདེ་འཇགས་བཅོས་སྐྱོང་གི་ཕན་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།