རང་ལྗོངས་སུ་གཞུང་ཁོངས་ཁེ་ལས་ཀྱི་གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་དང་པོ་དེ་བཙུགས་པ།
ཉེ་ཆར། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་ཁྲིམས་འཛུགས་ཁྲུའུ་དང་པོ་དང་། གཉིས་པ། གསུམ་པ་བཅས་དང་། དེ་བཞིན་སྲིད་འཛིན་ཁྲིམས་སྒྱུར་མཐུན་སྦྱོར་ལྟ་སྐུལ་ཁྲུའི་མཉམ་འབྲེལ་ཏང་ཀྲི་པུས་བོད་ལྗོངས་ཨར་སྐྲུན་རྒྱུ་ཆ་ཚོཌ་པའི་ཏང་ཀྲི་པུའུ་4དང་མཉམ་དུ“མཉམ་སྦྱོང་མཉམ་གཏོད་བྱས་ནས་སྟོབས་ཤུགས་སྒྲིལ། ཁྲིམས་སྐྱོང་གཞོགས་འདེགས་བྱས་ཏེ་འཕེལ་རྒྱས་སྐུལ”ཞེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།
བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་རིང་། མཉམ་དུ་སློབ་སྦྱོང་དང་མཉམ་དུ་འཛུགས་གཏོད་ཀྱི་རྣམ་པའི་ཐོག་ནས《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་། 《ཀྲུང་གོ་གུང་ཁྲན་ཏང་གི་སྤྱོད་གཙང་རང་འདོམས་ཀྱི་ཚད་གཞི》 《དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག》སོགས་ཀྱི་ནང་དོན་ལ་སློབ་སྦྱོང་བྱས་པ་དང་སྦྲགས། སྲིད་གཞུང་གི་གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་གཉེར་བ་རེད། བོད་ལྗོངས་ཨར་སྐྲུན་རྒྱུ་ཆ་ཚོགས་པ་ནི་རང་ལྗོངས་ཀྱི་གཞུང་ཁོངས་ཁེ་ལས་སུ་བཙུགས་པའི་གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་དང་པོ་ཡིན་པས། ཁྲིམས་འཛུགས་དང་། ཁྲིམས་སྒྱུར་ལྟ་སྐུལ། དེ་བཞིན་ཁེ་ལས་ཀྱི་ལས་ཀ་བཅས་གསར་གཏོད་ལ་དགེ་མཚན་ལྡན་པའི་ཚོད་ལྟ་ཞིག་ཡིན་ལ། རང་ལྗོངས་ཀྱི་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་གི་སྒྲིག་སྲོལ་དང་ལམ་སྲོལ་ལེགས་གཏོང་དང་དྲང་གཞག་འགྲན་རྩོད་ཀྱི་ཁྲོམ་རའི་ཁོར་ཡུག་འཛུགས་སྐྱོང་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།