རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་ཐིང་ཁོངས་གཏོཌ་ཀྱི་རྫོང་དང་ཁྲུའུ་རིམ་པའི་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་སློབ་གསོའི་རེས་སྐོར་སྦྱོང་བརྡར་འཛིན་གྲྭ་འཚོཌ་པ།
ཉེ་ཆར། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་ཐིང་ཁོངས་གཏོགས་ཀྱི་རྫོང་དང་ཁྲུའུ་རིམ་པའི་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་སློབ་གསོའི་རེས་སྐོར་སྦྱོང་བརྡར་འཛིན་གྲྭ་འཚོགས་པར་རྫོང་དང་ཁྲུའུ་རིམ་པའི་ཏང་ཡོན་ལས་བྱེད་པ་200ལྷག་ཙམ་གསོ་སྦྱོང་ནང་ཞུགས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭ་དེ་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་བྱས་ནས་ཟུར་ཁྲིད་དང་། བགྲོ་གླེང་། ས་གནས་ས་ཐོག་ཏུ་ལྟ་སྐོར་བཅས་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་ནས་འཚོགས་པ་རེད། གསོ་སྦྱོང་ནང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭ(སྲིད་འཛིན་སློབ་གླིང)དང་། རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་། བོད་ལྗོངས་སྤྱི་ཚོགས་རིང་ལུགས་སློབ་གླིང་། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ། ལྗོངས་མི་རིགས་ལས་དོན་ཨུ་ལྷན། ལྗོངས་སྤྱི་བདེ་ཐིང་། སྐྱེ་ཁམས་ཁོར་ཡུག་ཐིང་། ཁྲིམས་འཛིན་ཐིང་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་རིགས་གཅིག་མཁས་ཅན། དགེ་རྒན་ཆེ་མོ་བ་བཅས་གདན་དྲངས་ནས་སློབ་ཁྲིད་བྱས་པ་དང་། སློབ་ཁྲིད་ནང་དོན་ཐད་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ། རྒྱལ་ཁབ་ཀྱི་སྤྱིའི་བདེ་འཇགས་ལྟ་བ། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་སོགས་ཀྱི་ནང་དོན་ཚུད་ཡོད། གསོ་སྦྱོང་ནང་ཞུགས་མཁན་སྒྲིག་འཛུགས་བྱས་ནས་ལྷ་ས་གྲོང་ཁྱེར་ཏང་གི་སློབ་གྲྭའི་ཉེན་བརྡའི་སློབ་གསོའི་རྟེན་གཞི་དང་ཐན་ཀོན་སན་དྲན་གསོ་ཁང་དུ་ལྟ་སྐོར་དུ་ཁྲིད་པ་དང་འབྲེལ་གསོ་སྦྱོང་གི་སློབ་ཚན་ལ་དམིགས་ནས་ཆེད་དོན་བགྲོ་གླེང་བྱས་པ་རེད།