གོ་འཇོ་རྫོང་གིས་སློབ་གྲྭ་དང་རྒན་གསོའི་སྒྲིག་གཞིར་མེ་ཟོན་བདེ་འཇགས་ཀྱི་ཆེད་དོན་ཞིབ་བཤེར་བྱས་པ།
ཉེ་ཆར་གོ་འཇོ་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་རྫོང་སློབ་གསོ་ཅུས་དང་། རྫོང་དམངས་སྲིད་ཅུས། རྫོང་སྤྱི་བདེ་ཅུས། རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་སོགས་ཚན་པ་དང་མཉམ་དུ་རྫོང་གྲོང་གི་སློབ་གྲྭ་ཁག་དང་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ལྟེ་གནས་ལ་མེ་ཟོན་བདེ་འཇགས་ཀྱི་ཆེད་དོན་ཞིབ་བཤེར་བྱས་པ་རེད།
ཞིབ་བཤེར་བྱེད་རིང་ཞིབ་བཤེར་མི་སྣས་ཚན་པ་ཁག་གི་མེ་ཟོན་སྒྲིག་ཆས་ཆ་ཚང་མིན་དང་། མེ་དང་། གློག སོལ་རླངས་བཅས་བེད་སྤྱོད་ཀྱི་བླང་བྱ་དང་མཐུན་མིན། ལྷག་པར་དུ་རྒན་གསོའི་སྒྲིག་གཞི་དང་སློབ་གྲྭའི་ཉལ་ཁང་དང་ཟ་ཁང་གི་མེ་ཟོན་བདེ་འཇགས་དོ་དམ་ལམ་ལུགས་འཐུས་ཚང་ཡིན་མིན་དང་། མེ་དང་གློག་སྒྲིག་འགལ་ངང་སྤྱོད་པའི་གནས་ཚུལ་ཡོད་མེད། གློག་སྒོའི་སྒྲིག་ཆས་སྣ་ཚོགས་བེད་སྤྱོད་ཡོད་མེད་སོགས་ལ་ཞིབ་བཤེར་ཞིབ་ཚགས་བྱས་པ་རེད།
ད་ཐེངས་ཀྱི་མཉམ་འབྲེལ་ཞིབ་བཤེར་བྱས་པ་བརྒྱུད་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ཁག་གཅིག་དུས་ཐོག་ཏུ་བསལ་བ་དང་། སློབ་གྲྭའི་དགེ་སློབ་དང་རྒན་གསོའི་སྒྲིག་གཞིའི་ལས་དོན་མི་སྣ་དང་དེ་བཞིན་རྒན་རྒོན་གྱི་མེ་ཟོན་བདེ་འཇགས་འདུ་ཤེས་དང་མེ་སྐྱོན་འགོག་པའི་ནུས་པ་སྔར་བས་ཆེ་རུ་བཏང་བ། བདེ་འཇགས་དང་། འཆམ་མཐུན། བརྟན་ལྷིང་བཅས་ཀྱི་ལས་ཀ་དང་། སློབ་སྦྱོང་། འཚོ་བ་བཅས་ཀྱི་ཁོར་ཡུག་མཁོ་འདོན་བྱས་པ་རེད།