དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • མལ་གྲོ་གུང་དཀར་རྫོང་གིས་2024ལོའི་གཞི་རིམ་བཅོས་སྐྱོང་གི་འཇོན་ཐང་ཆེར་གཏོང་གི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-14

    ཉེ་ཆར། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས་2024ལོའི་གཞི་རིམ་བཅོས་སྐྱོང་འཇོན་ཐང་ཆེར་གཏོང་གི་ཆེད་དོན་གསོ་སྦྱོང་འཛིན་གྲྭའི་སློབ་འགོ་ཚུགས་པའི་མཛད་སྒོ་གཉེར་བ་རེད།

    ད་རེས་ཀྱི་ཆེད་དོན་གསོ་སྦྱོང་ཉིན་2བསྟུད་མར་བྱས་ཤིང་། དེའི་རིང་། རང་སྐྱོང་ལྗོངས་ཏང་གི་སློབ་གྲྭའི་དགེ་རྒན་ཆེ་མོ་བ་བཀྲ་ཤིས་སྟོབས་རྒྱལ་དང་། རྫོང་ཨུད་རྩ་འཛུགས་པུའུ་དང་། རྫོང་སྲིད་ཁྲིམས་ཨུ་ལྷན་དང་དེ་བཞིན་རྫོང་ཆོས་ལུགས་ལས་དོན་ཅུས་ཀྱི་འགན་འཁུར་བ་གཙོ་བོས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་ཤུགས་སྣོན་རྒྱག་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད། ཆོས་ལུགས་ལས་དོན་ལ་ཁྲིམས་བཞིན་དོ་དམ། བོད་ཀྱི་གཞི་རིམ་བཅོས་སྐྱོང་དང་གཞི་རིམ་བཅོས་སྐྱོང་དྲ་མིག་ཅན་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པ་སོགས་ཀྱི་ཐད་ལ་ཆེད་དོན་སློབ་ཁྲིད་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།