དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • བོད་རང་སྐྱོང་ལྗོངས་རྡོ་ཐ་ཆེད་ཚོང་ཅུས་ཀྱིས“གསང་སྲུང་དྲིལ་བསྒྲགས་སློབ་གསོའི་ཟླ་བའི”བྱེད་སྒོ་ཏན་ཏིག་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-14

    འདི་ནི་བོད་རང་སྐྱོང་ལྗོངས་རྡོ་ཐ་ཆེད་ཚོང་ཅུས་ཀྱི་གཞུང་ལས་ཁང་དུ་འབྲེལ་ཡོད་མི་སྣས་གསང་སྲུང་གི་སྤྱི་ཕན་དྲིལ་བསྒྲགས་བརྙན་ཐུང་ལྟ་བཞིན་པ།

    ཟླ་བཞི་པ་ནས་བཟུང་བོད་རང་སྐྱོང་ལྗོངས་རྡོ་ཐ་ཆེད་ཚོང་ཅུས(ཀུང་སི)ཀྱིས“གསང་སྲུང་དྲིལ་བསྒྲགས་སློབ་གསོའི་ཟླ་བ”གོ་སྐབས་སུ་བྱས་ཏེ་ཟུར་ཚད་མང་པོ་དང་། རིམ་པ་མང་པོ། ཕྱོགས་ཡོངས་བཅས་ནས་གསང་སྲུང་སློབ་གསོའི་དྲིལ་བསྒྲགས་ལས་དོན་སྤེལ་བ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་རྡོ་ཐས“གསང་སྲུང་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་བྱེད། ང་ཚོ་ཚང་མ་གསང་སྲུང་མི་སྣ་ཡིན”ཞེས་པའི་བྱེད་སྒོའི་བརྗོད་དོན་གཙོ་བོར་དམིགས་ཏེ། གསང་སྲུང་གི་སྤྱི་ཕན་དྲིལ་བསྒྲགས་བརྙན་ཐུང་བསྟན་པ་དང་གསང་སྲུང་གི་སྤྱི་ཕན་དྲིལ་བསྒྲགས་བརྡ་ཁྱབ་སྦྱར་བ་སོགས་ཀྱི་བྱེད་སྟངས་ཐོག་ནས། གསང་སྲུང་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་ངང་སྤེལ་ནས་མི་སྣ་ཡོངས་ཀྱི་གསང་སྲུང་གི་འདུ་ཤེས་ཟབ་ཏུ་བཏང་བ་རེད། གཞན་ཡང“གསང་སྲུང་ཁྲིམས་སྐྱོང་གི་མགྲིན་ཚབ་པ་མཛེས་ཤོས་འཚོལ་བ”ཞེས་པའི་བརྙན་ཐུང་བསྡུ་ལེན་བྱེད་སྒོ་ཇུས་འགོད་བྱས་ནས་སྤེལ་བ་དང་། བརྩམས་ཆོས་ཀྱི་རྣམ་པ་གསར་གཏོད་བྱས་པ་དང་ནང་དོན་ཟབ་ཅིང་བློ་སྒོ་འབྱེད་པའི་བརྙན་ཐུང་བཟོས་ནས་ལྗོངས་ཡོངས་ཀྱི་རྡོ་ཐའི་ཁོངས་གཏོགས་དང་སྤྱི་ཚོགས་ལ་གསང་སྲུང་བཅའ་ཁྲིམས་ཀྱི་འདུ་ཤེས་གསར་པ་དང་བླང་བྱ་གསར་པ་འགྲེལ་བཤད་བརྒྱབ་པ་རེད།

    གསང་སྲུང་ལས་དོན་ནུས་ལྡན་ངང་སྤེལ་ཐུབ་ཕྱིར། བོད་ལྗོངས་རྡོ་ཐས་གསང་སྲུང་ཞིབ་བཤེར་གྱི་ཆེད་དོན་ལས་དོན་ཚོགས་ཆུང་བཙུགས་ཏེ་ལྗོངས་ཡོངས་ཀྱི་རྡོ་ཐའི་ཁོངས་གཏོགས་སུ་ཆེད་དོན་ཞིབ་བཤེར་ལས་དོན་སྤེལ་ནས་རྙེད་པའི་གནད་དོན་ལ་མཛུབ་ཁྲིད་ཞིབ་ཕྲ་བྱས་ཁར་འཕྲལ་མར་དག་ཐེར་བྱེད་དགོས་པའི་བླང་བྱ་བཏོན་ཡོད། དེ་མིན་གསང་འབྲེལ་མི་སྣར་དུས་དང་རྣམ་པ་ཀུན་ཏུ་གསང་སྲུང་གི་རྩ་བ་དེ་དམ་པོར་འཛིན་ནས་རང་འགུལ་ངང་གསང་སྲུང་གི་སྒྲིག་ཁྲིམས་བསྲུངས་ཏེ་རྒྱལ་ཁབ་ཀྱི་གསང་དོན་བརྟན་པོ་སྲུང་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།