དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • སྡེ་ཚན་མང་པོས་མཉམ་འབྲེལ་ཁྲིམས་སྒྱུར་བྱས་ནས་ལྷ་སའི་ཡུལ་སྐོར་གྱི་གཟུགས་བརྙན་བསྲུངས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-14

    འདི་ནི་སྡེ་ཁུལ་དང་མེ་ཟོན་མི་སྣས་ཕོ་བྲང་པོ་ཏ་ལའི་ཉེ་འགྲམ་ཟ་ཁང་ཞིག་གི་ཐབ་ཚང་ལ་བརྟག་དཔྱད་བྱེད་བཞིན་པ།

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྗེ་འབུམ་སྒང་ཁྲོམ་གཞུང་ལྕགས་པོ་རི་སྡེ་ཁུལ་དང་། ཁྲེང་ཀོན་ཆུས་སྤྱི་བདེ་ཡན་ལག་ཅུས་ཐང་ཆེན་མངགས་གཏོང་ཁང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གྲོང་བྱང་རུ་ཆེན། ཁྲེང་ཀོན་ཆུས་གྲོང་ཁྱེར་དོ་དམ་ཅུས་ཕོ་བྲང་པོ་ཏ་ལའི་རུ་ཆེན། ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་ཕོ་བྲང་པོ་ཏ་ལའི་རུ་ཆེན། ཕོ་བྲང་པོ་ཏ་ལ་སྤྱི་གླིང་དོ་དམ་ཁྲུའུ། ཕོ་བྲང་པོ་ཏ་ལའི་ཐང་ཆེན་ཡུལ་སྐོར་པར་ལེན་མཐུན་ཚོགས་བཅས་ཀྱིས་ཐུན་མོང་ཐོག་ཤུགས་སྣོན་བརྒྱབ་པ་དང་ཆབས་ཅིག་མཉམ་འབྲེལ་ཁྲིམས་སྒྱུར་བྱས་ཏེ་ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་གཟུགས་བརྙན་ལ་གཏོར་བཤིག་མ་ཕོག་པ་བྱས་པ་རེད།

    ཕོ་བྲང་པོ་ཏ་ལ་ནི་ཡུལ་སྐོར་བའི་དམིགས་ས་གཙོ་བོ་དེ་ཡིན་ཞིང་། ཉེ་འགྲམ་ས་ཁོངས་ཀྱི་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་ཡག་ཉེས་དེ་རྒྱ་ཆེའི་ཡུལ་སྐོར་བའི་ཡུལ་སྐོར་ཉམས་ལེན་དང་འབྲེལ་བ་ཆེན་པོ་ཡོད། ད་ཐེངས་ཀྱི་མཉམ་འབྲེལ་ཁྲིམས་སྒྱུར་བརྒྱུད་རིམ་ནང་བཙན་སྐུལ་ལམ་ཡང་ན་འཇམ་ཁྲིད་ཀྱི་ཐོག་ནས་ཅ་དངོས་ཉོ་རུ་བཅུག་པ་དང་། གཏན་འཁེལ་བྱས་པའི་ལམ་ཐིག་ལྟར་མི་བསྐྱོད་པ་སོགས་ཀྱི་བྱེད་སྤྱོད་ལ་དམིགས་བཙུགས་རྡུང་རྡེག་བཏང་བ་རེད། རིག་གནས་ཡུལ་སྐོར་སྡེ་ཚན་གྱིས་ཡུལ་སྐོར་ཁྲོམ་རའི་ཡུལ་སྐོར་ལས་དོན་ཁང་གིས་སྒྲིག་འགལ་གཉེར་སྐྱོང་དང་ཁྲིམས་ལས་འགལ་ཏེ་ཡུལ་སྐོར་བྱེད་སྒོ་སྤེལ་བ་སོགས་ཁྲིམས་འགལ་བྱེད་སྤྱོད་ལ་གཙོ་གནད་ཐོག་ཞིབ་བཤེར་ཐག་གཅོད་བྱས་པ་རེད། སྡེ་ཚན་མང་པོ་མཉམ་འབྲེལ་བྱས་པ་བརྒྱུད། ཁྲིམས་འགལ་ཚོང་གཉེར་བྱེད་མཁན་ལ་ཁྲིམས་ལས་འགལ་རིགས་ཀྱི་མ་གནས་མཐོ་རུ་བཏང་བས། ཁོ་ཚོར་ཟིལ་གནོན་དྲག་པོ་ཐེབས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།