དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷ་ས་གྲོང་ཁྱེར་གྱིས“སློབ་གྲྭའི་བརྙས་བཅོས་བཀག་འགོག་བྱས་ནས་འཚར་ལོངས་ཀྱི་ཁོར་ཡུག་མཉམ་དུ་སྲུང”ཞེས་པའི་བརྗོད་དོན་གཙོ་བོའི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-14

    འདི་ནི་སློབ་མ་ཚོས་དྲིལ་བསྒྲགས་གློག་བརྙན་ལྟ་བཞིན་པ།

    ཉེ་དུས་ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་དང་ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས“སློབ་གྲྭའི་བརྙས་བཅོས་བཀག་འགོག་བྱས་ནས་འཚར་ལོངས་ཀྱི་ཁོར་ཡུག་མཉམ་དུ་སྲུང”ཞེས་པའི་བརྗོད་དོན་གཙོ་བོའི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ཡོད། གྲོང་ཁྱེར་ཡོངས་ཀྱི་མཐོ་རིམ་སློབ་འབྲིང་དང་དམའ་རིམ་སློབ་འབྲིང་གི་སློབ་མའི་འཐུས་མི་80དང་། ཁྱིམ་བདག་གི་འཐུས་མི་20 དགེ་རྒན་གྱི་འཐུས་མི་20བཅས་བྱེད་སྒོར་ཞུགས་ཡོད་པ་རེད།

    བྱེད་སྒོ་དེས་སློབ་གྲྭའི་གཞོན་ནུ་ལོ་ཆུང་སློབ་མ་དང་དེ་བཞིན་ཁྱིམ་བདག་ལ་བཅའ་ཁྲིམས་ཤེས་བྱ་ཁྱབ་གདལ་བཏང་སྟེ། ཁྲིམས་སྐྱོང་ཉེན་ཟོན་གྱི་སློབ་གསོ་སྤེལ་ནས་སློབ་མའི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་བ་དང་། སློབ་མའི་ཀུན་སྤྱོད་བཟང་པོ་གསོ་སྐྱོང་བྱེད་པ། བརྙས་བཅོས་བྱེད་སྤྱོད་ལ་ཡང་དག་པའི་ངང་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས། དུས་བདེའི་སློབ་གྲྭ་གཏོད་པར་སྐུལ་འདེད་གཏིང་ཟབ་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།