དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷ་ས་གྲོང་ཁྱེར་བཅའ་ཁྲིམས་ཁྱབ་གདལ་གཞུང་དོན་ཁང་གིས་སློབ་གྲྭའི་བརྙས་བཅོས་བཀག་འགོག་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-14

    ཉེ་ཆར། ལྷ་ས་གྲོང་ཁྱེར་བཅའ་ཁྲིམས་ཁྱབ་གདལ་གཞུང་དོན་ཁང་གིས་ཀརྨ་དགོན་གསར་མངགས་གཏོང་ཁང་དང་མཉམ་དུ་ལྷ་ས་གྲོང་ཁྱེར་སློབ་འབྲིང་བརྒྱད་པར་བསྐྱོད་དེ། སློབ་གྲྭའི་བརྙས་བཅོས་བཀག་འགོག་གི་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་སློབ་གསོར་སྔར་བས་ཤུགས་སྣོན་རྒྱག་པ་དང་ན་སོ་དར་ལ་མ་བབས་པའི་མིའི་རང་ངོས་སྲུང་སྐྱོང་ནུས་པ་ཆེ་རུ་བཏང་བ་རེད།

    བྱེད་སྒོ་སྤེལ་རིང་། ཀརྨ་དགོན་གསར་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་དང་གཞུང་གི་ཁྲིམས་རྩོད་པ་ཀྲང་ཧྥུང་གིས་ལྷ་ས་གྲོང་ཁྱེར་སློབ་འབྲིང་བརྒྱད་པའི་སློབ་མ་ཚོར་ཆེད་དོན་འཆད་ཁྲིད་བྱས་ནས། སློབ་གྲྭའི་བརྙས་བཅོས་ཀྱི་གནོད་འཚེའི་རང་བཞིན་དང་ཁ་གཏད་གཅོག་ཐབས་གསལ་འགྲེལ་གཏིང་ཟབ་བྱས་པ་དང་། ན་སོ་དར་ལ་མ་བབ་པའི་མིའི་ཉེས་གསོག་སྔོན་འགོག་གི་འབྲེལ་ཡོད་བཅའ་ཁྲིམས་དོན་ཚན་དང་འཚོ་བའི་ཁྲོད་ཀྱི་གྱོད་དཔེར་འགྲེལ་བཤད་རྒྱག་པ། གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་གྱོད་དཔེ་དྲངས་ཏེ་ཁྲིམས་ཤོད་པ་དང་དོན་དངོས་བྱ་བ་དང་ཟུང་འབྲེལ་བྱས་ནས་ཁྲིམས་ལུགས་འགྲེལ་བཤད་བརྒྱབ་་ཡོད། དེ་བཞིན་སློབ་མར་ཁྲིམས་སྦྱོང་བ་དང་། ཁྲིམས་ཤེས་པ། ཁྲིམས་སྲུང་བ། ཁྲིམས་སྤྱོད་པ་བཅས་བྱས་ཏེ་བཅའ་ཁྲིམས་ལ་བརྟེན་ནས་རང་ཉིད་སྲུང་སྐྱོང་དང་ཡང་དག་པའི་མི་ཚེའི་ལྟ་བ་དང་རིན་ཐང་ལྟ་བ་འཛུགས་རྒྱུར་ཁྲིད་སྟོན་བྱས་ཡོད། དེ་དང་ཆབས་ཅིག་མཉམ་འགུལ་ནང་སྦྱོང་དང་ལད་མོ་བྱས་པ་བརྒྱུད་དགེ་སློབ་ཚོའི་རང་ཉིད་སྲུང་སྐྱོང་གི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ཡོད་པ་རེད།

    བྱེད་སྒོའི་ནང་ད་དུང་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་འབྲེལ་ཡོད་པར་རིས་དང་རྒྱ་ཁྱབ་བརྡ་ཆ། དྲིལ་བསྒྲགས་དེབ་སྤྲོད་པ་སོགས་ཀྱི་རྣམ་པ་བརྒྱུད་རྒྱ་ཆེའི་དགེ་སློབ་ཚོའི“སློབ་གྲྭའི་བརྙས་བཅོས་ལ་ངོ་རྒོལ་བྱེད་པའི”འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ཡོད། གོམ་སྟབས་རྗེས་མར་ལྷ་ས་གྲོང་ཁྱེར་བཅའ་ཁྲིམས་ཁྱབ་གདལ་གཞུང་ལས་ཁང་གིས་ཁྲིམས་སྐྱོང་འདུ་ཤེས་མུ་མཐུད་དར་སྤེལ་བཏང་ནས། ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ལས་དོན་ལ་སྐུལ་འདེད་བཏང་སྟེ་སློབ་གྲྭའི་བདེ་འཇགས་འཛུགས་སྐྱོང་ཐད་ཐུན་མོང་ཐོག་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།