གོ་འཇོ་རྫོང་གིས་ཁྲིམས་ལུགས་ཁྱབ་གདལ་བྱེད་སྒོ་གཅིག་སྡུད་ཐོག་སྤེལ་བ།
ཞིང་འབྲོག་པའི་ཁྲིམས་ལུགས་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ནས་ཞིང་འབྲོག་པར་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ“ལྔ་བརྒྱད”ཁྲིམས་ལུགས་ཁྱབ་གདལ་ལག་བསྟར་བྱེད་པར་རྒྱུན་མཐུད་སྐུལ་འདེད་གཏོང་ཆེད། ཉེ་ཆར། གོ་འཇོ་རྫོང་ཁྲིམས་འཛིན་ཅུས་ཀྱིས“ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་ཤེས་དཔལ་ལག་ལེན་བྱེད་སྒོ”དང་ཟུང་འབྲེལ་བྱས་ཏེ་རྫོང་ཁོངས་ཀྱི་མི་འབོར་འདུ་འཛོམས་ཆེ་སར་གཅིག་སྡུད་ཐོག་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
ད་ཐེངས་ཀྱི་ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོའི་ནང་བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་ལག་དེབ་ཁག་130ལྷག་ཙམ་སྤྲད་པ་དང་། དྲིལ་བསྒྲགས་དངོས་པོ་ཁག་82སྤྲད་པ། མང་ཚོགས་240ལྷག་ཙམ་ལ་སློབ་གསོ་ཐེབས་པས་གོ་འཇོ་རྫོང་གི་ཞིང་འབྲོག་པའི་བཅའ་ཁྲིམས་བྱང་ཚད་དང་བཅའ་ཁྲིམས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ནས་ཁྲིམས་སྐྱོང་གི་རྣམ་པ་བཟང་པོ་ཞིག་ཆགས་ཡོད་པ་རེད།