དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • དངུལ་ཁང་གིས་སྒོར་ཁྲི་10ཐོལ་པ་སྤྲད་པས་ཁོང་གིས་འཕྲལ་མར་བསློགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-14

    ཉེ་ཆར་ལོ་60ལྷག་ཙམ་ལ་སླེབས་པའི་ཨོ་ཆེ་གེ་མོ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་རྔ་ཆེན་མངགས་གཏོང་ཁང་ཁྲེང་ཀོན་མེ་ཏོག་ལྡུམ་རའི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་རོགས་སྐྱོར་རེ་ཞུ་བྱེད་པར་ཡོང་ནས། “བློ་མཐུན་ཉེན་རྟོག་པ་ལགས། ངས་དངུལ་ཁང་ནས་དངུལ་བླངས་རྗེས། དངུལ་གྲངས་འཕྲིན་ཐུང་ནང་དང་མི་གཅིག་པས། ལས་དོན་མི་སྣས་ང་ལ་སྒོར་ཁྲི་10ཐོལ་པ་སྤྲད་ཡོད་བཟོ་འདུག ངའི་མིག་ཤེད་ཞན་པས་གཏན་འཁེལ་བྱེད་ཐུབ་མ་བྱུང་། ཁྱེད་ཚོས་ང་ལ་ལྟ་རོགས་གནང་དང”ཞེས་བཤད།

    དངུལ་ལེན་པའི་ཉིན་དེར་སྐུ་ཞབས་ཨོ་ཆེ་གེ་མོས་དངུལ་ཁང་ག་གེ་མོ་ནས་སྒོར་ཁྲི་50བླངས་ཀྱང་དངོས་སུ་ལག་ཏུ་སྒོར་ཁྲི་60བྱུང་ཡོད། ཐོལ་པར་རག་པའི་སྒོར་ཁྲི་10དེ་ཇི་ལྟར་ཡོང་མིན་ལ་དོགས་པ་སྐྱེས། དངུལ་འབོར་ཆེ་བས། སྐུ་ཞབས་ཨོ་ཆེ་གེ་མོས་བསམ་བློ་ཡང་ཡང་བཏང་མཐར་མི་དམངས་ཉེན་རྟོག་པར་རོགས་སྐྱོར་ཞུ་བ་ནི་བརྟན་ཤོས་རེད་སྙམ།

    མི་དམངས་ཉེན་རྟོག་པས་ཞིབ་དཔྱད་ཡང་ཡང་བྱས་པ་བརྒྱུད། མཐར་དངུལ་ཁང་གི་ལས་དོན་པས་སྐུ་ཞབས་ཨོ་ཆེ་གེ་མོར་དངུལ་སྨར་སྒོར་ཁྲི་10ཐོལ་པ་སྤྲད་པ་གཏན་འཁེལ་བྱུང་། “ངའི་བཅོལ་དངུལ་དག་ནི་ངལ་རྩོལ་དཀའ་སྤྱད་བྱས་པ་ལས་ཐོབ་པ་ཤ་སྟག་ཡིན་པས། དངུལ་སྐར་མ་གཅིག་ཀྱང་ཆད་ན་མི་ཆོག་མོད། འོན་ཀྱང་དངུལ་ཁང་གིས་ང་ལ་སྒོར་ཁྲི་10ཐོལ་པ་སྤྲད་པ་དེ་དག་ཀྱང་ང་ལ་མི་དགོས”ཞེས་སྐུ་ཞབས་ཨོ་ཆེ་གེ་མོས་དངུལ་སྨར་སྒོར་ཁྲི་10དངུལ་ཁང་ལ་ཕྱིར་སློག་རྗེས་ཁུར་པོ་ལྗིད་པོ་ཞིག་ཕབ་པ་ལྟར་དུ་དེ་ལྟར་བཤད།

    དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱིས་སྐུ་ཞབས་ཨོ་ཆེ་གེ་མོའི་བླ་ན་མེད་པའི་བྱ་སྤྱོད་ལ་ཚད་མཐོའི་བསྔགས་བརྗོད་བྱས་པ་དང་འབྲེལ། ཚང་མར་རང་ཉིད་ལ་མི་དབང་བའི་རྒྱུ་ནོར་གང་འདོད་དུ་གཏན་ནས་བཟུང་མི་རུང་། གལ་ཏེ་གོང་གསལ་གྱི་གནས་ཚུལ་དང་གཅིག་མཚུངས་འཕྲད་ཚེ་དུས་ཐོག་ཏུ་སྤྱི་བདེ་ལས་ཁུངས་ལ་འབྲེལ་གཏུག་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།