དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ཚེ་ཆེ་གེ་མོས་དགའ་རོགས་སྒྲིག་པར་བརྫུས་ཏེ་བུ་མོ10ཡི་ས་ནས་སྒོར་ཁྲི་97ཁ་བསླུས་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-14

    འདི་ནི་སྐད་འཕྲིན་དུ་གླེང་མོལ་བྱས་པའི་བཅད་པར་ཡིན་པ།

    2024ལོའི་ཟླ་1ཚེས་6ཉིན། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་ལ་ངའི“དགའ་རོགས”ཀྱིས་ངའི་སྒོར་ཁྲི་48ལྷག་ཙམ་མགོ་སྐོར་བཏང་བྱུང་། ད་ལྟ་འབྲེལ་བ་བྱེད་ཐུབ་ཀྱི་མི་འདུག་ཅེས་སྒྲོལ་དཀར(མིང་ཚབ)གྱིས་གྱོད་དོན་སྙན་སེང་ཞུས།

    སྒྲོལ་དཀར་གྱིས་སྣེ་གདོང་ཆུས་སྤྱི་བདེ་ཉེས་དོན་ཉེན་རྟོག་རུ་ཆེན་གྱི་མི་དམངས་ཉེན་རྟོག་པར། 2023ལོའི་ཟླ་7པའི་ཉིན་ཞིག་ང་རང་བདལ་གཏོང་རླངས་འཁོར་སྡོད་སྐབས་ཚེ་ཆེ་གེ་མོ་དང་ངོ་ཤེས་བྱུང་། དེ་ནས་ཅི་འཕྲོས་མོལ་འཕྲོས་ཏོག་ཙམ་བཤད་རྗེས་ཕན་ཚུན་སྐད་འཕྲིན་གྱི་གྲོགས་པོའི་ཁོངས་སུ་བཅུག་པ་ཡིན། ཡུན་རིང་མ་སོང་བར་ང་གཉིས“དགའ་རོགས”སྒྲིག་པ་ཡིན། དེ་རྗེས་ཕན་ཚུན་འབྲེལ་བ་བྱེད་སྐབས་ཚེ་ཆེ་གེ་མོས་ལས་གྲྭར་འཁོར་རྒྱུག་མ་དངུལ་ཁ་ཐང་བ་དང་། འགྲིམ་འགྲུལ་ལས་འཛོལ་ཐོན་ནས་སྐྱིན་ཚབ་འཇལ་དགོས་པ། ནད་གཞི་ཕོག་ནས་གཤགས་བཅོས་བྱེད་དགོས་པ་སོགས་ལ་ཁ་གཡར་ཏེ་ངའི་ས་ནས་དངུལ་གཡོ་ལེན་བྱས་བྱུང་། དེ་དུས་བརྩེ་དུང་གི་དྲ་བར་ཚུད་པའི་ངས་གཉེན་ཉེ་དང་གྲོགས་པོའི་ས་ནས་དངུལ་གཡར་བ་མ་ཟད། ད་དུང་དྲ་ཐོག་ནས་དངུལ་བུན་གཡར་ཏེ་སྔ་རྗེས་སུ་ཚེ་ཆེ་གེ་མོར་ཁྱོན་སྒོར་ཁྲི་48ལྷག་ཙམ་བསྐུར་བ་ཡིན། ད་ལོ་ནས་བཟུང་། ཚེ་ཆེ་གེ་མོས་རིམ་བཞིན་ང་ལ་ཁ་ཡ་དེ་ཙམ་མི་བྱེད་ཀྱི་མི་འདུག ད་དུང་རྟག་ཏུ་དོན་དག་སྣ་ཚོགས་ལ་ཁ་གཡར་ནས་དངུལ་གནངས་འགྱངས་གཞེས་འགྱངས་བྱེད་ཀྱི་འདུག དེ་རྗེས་ཡུན་རིང་མ་སོང་བར་ཁོ་པ་དང་འབྲེལ་བ་བྱེད་མ་ཐུབ་པས་ངས་གཞི་ནས་རང་ཉིད་མགོ་སྐོར་འོག་ཚུད་པ་ཤེས་བྱུང་ཞེས་བཤད།

    མྱུལ་ཞིབ་ཞིབ་ཚགས་བྱས་པ་བརྒྱུད། མི་དམངས་ཉེན་རྟོག་པས་ཚེ་ཆེ་གེ་མོའི་འགྲོ་འདུག་སྡོད་གསུམ་མགྱོགས་མྱུར་གཏན་འཁེལ་ཐུབ་སྟེ། ཟླ་1ཚེས་12ཉིན་ཁོ་པ་བཟུང་ནས་ཁྲིམས་ལ་སྦྱར་བ་རེད། འདྲི་ཞིབ་བྱས་པ་བརྒྱུད། ཚེ་ཆེ་གེ་མོས་སྒྲོལ་དཀར་གྱི་རྒྱུ་ནོར་གཡོ་ལེན་བྱས་པའི་དོན་དངོས་སྦ་གསང་མེད་པར་ངོས་ལེན་ཞུས་པ་རེད། བརྟག་དཔྱད་དཔང་ལེན་བྱེད་རིང་། མི་དམངས་ཉེན་རྟོག་པས་ཚེ་ཆེ་གེ་མོས་སྒྲོལ་དཀར་ཕུད། ད་དུང་བུ་མོ་གཞན་ལའང་ཁ་བསླུས་བརྒྱབ་པ་ཤེས་རྟོགས་བྱུང་བ་རེད།

    ཁུངས་སྣེ་སྔོག་འདོན་བྱས་པ་བརྒྱུད། མི་དམངས་ཉེན་རྟོག་པས་ཚེ་ཆེ་གེ་མོ་འདི་ལོ་ལོ་28ཡིན་ཞིང་། ལས་ཀ་དང་སྡོད་གནས་གཏན་འཇགས་མེད་པ་དང་། ནམ་རྒྱུན་བག་མེད་ལོངས་སྤྱོད་བྱེད་མཁན་དང་སྐྱིད་འདོད་ལས་གཡོལ་བྱས་ནས་སྡོད་མཁན་ཞིག་ཡིན་པ་ཤེས། 2022ལོ་ནས་གྱོད་གཞི་ཐོན་པའི་བར། ཚེ་ཆེ་གེ་མོས་ཨར་ཁང་དང་ཁྱུག་དབྱིངས་སོགས་ནས་ཅི་འཕྲོས་མོལ་འཕྲོས་བཤད་དེ། “ལས་གྲྭའི་སྦྱིན་བདག”ཡིན་ཁུལ་གྱིས་དགའ་རོགས་བསྒྲིགས་ཏེ་སྒྲོལ་དཀར་ཚུད་པའི་བུ་མོ་10ཡི་ས་ནས་ཁ་བསླུས་བརྒྱབ་པ་དང་། གྱོད་འབྲེལ་དངུལ་ཁྱོན་སྒོར་ཁྲི་97ལྷག་ཙམ་ཟིན་གྱི་ཡོད།

    མིག་སྔར། ཚེ་ཆེ་གེ་མོར་ཁྲིམས་ལྟར་ཉེས་དོན་བཙན་ཤེད་ཀྱི་བྱེད་ཐབས་སྤྱད་པ་དང་། གྱོད་གཞི་དེ་རྩད་གཅོད་མཐའ་གསལ་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།