དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • སྒེར་རྩེའི་མི་དམངས་ཉེན་རྟོག་པས་ལས་མིར་ཆད་དངུལ་སྒོར་ཁྲི་25ལྷག་ཙམ་ལེན་རོགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-14

    ཉེ་ཆར། མངའ་རིས་ས་ཁུལ་སྒེར་རྩེ་རྫོང་སྤྱི་བདེ་ཅུས་མ་མིག་ཤང་མངགས་གཏོང་ཁང་ལ་སྒོར་མཚོ་ཉེན་དོན་ཁང་གི་མི་དམངས་ཉེན་རྟོག་པར་གཏེར་ཁུལ་གྱི་ཞིང་པ་ལས་མི་སྲི་ཆེ་གེ་མོ་སོགས་ཀྱིས“ང་ཚོ་ཁྱོན་ཞིང་པ་ལས་མི་44ཡོད་པ་དང་ལ་སྒོར་མཚོ་གཏེར་ཁུལ་གྱི་རྣམ་གྲངས་པུའུ་ཞིག་ཏུ་ལས་ཀ་བྱེད་ཀྱི་ཡོད། ད་ལྟ་ལས་ཡུལ་བརྗེ་དགོས་པས་གླ་ཆ་སྒོར་ཁྲི་25ལྷག་ཙམ་རག་མ་བྱུང་བས་ཉེན་དོན་ཁང་གི་མི་དམངས་ཉེན་རྟོག་པས་འདུམ་འགྲིག་གནང་རོགས”ཞེས་བརྗོད། ཉེན་དོན་ཁང་གི་མི་དམངས་ཉེན་རྟོག་པས་འབད་བརྩོན་བྱས་པ་བརྒྱུད། ཉིན་གཅིག་གི་རྗེས་སུ་ཉེན་དོན་ཁང་གི་མི་དམངས་ཉེན་རྟོག་པའི་ལྟ་སྐུལ་འོག་སྲི་ཆེ་གེ་མོ་སོགས་ལས་མི་44ལ་གླ་ཆ་སྒོར་ཁྲི་25.18ལྷག་ཙམ་རག་ཡོད། འདི་ནི་མི་དམངས་ཉེན་རྟོག་པས་ཞིང་པ་ལས་མིའི་ས་ནས་གླ་ཆ་འགྱངས་ཆད་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།