རྒྱལ་ཡོངས་ཀྱི་སློབ་མའི་སེམས་ཁམས་བདེ་ཐང་དྲིལ་བསྒྲགས་སློབ་གསོའི་ཟླ་བའི་བྱེད་སྒོ་ཐོག་མ་པེ་ཅིང་དུ་སྤེལ་འགོ་ཚུགས་པ།
ཉེ་ཆར། རྒྱལ་ཡོངས་ཀྱི་སློབ་མའི་སེམས་ཁམས་བདེ་ཐང་དྲིལ་བསྒྲགས་སློབ་གསོའི་ཟླ་བའི་བྱེད་སྒོ་ཐོག་མ་དང་རྒྱལ་ཡོངས་ཀྱི་སློབ་མའི་སེམས་ཁམས་བདེ་ཐང་གི་འཆད་ཁྲིད་ཁང་ཆེན་པོ་པེ་ཅིང་དུ་སྤེལ་འགོ་ཚུགས་པ་རེད།
སློབ་གསོ་པུས་ད་ལོ་ནས་བཟུང་ལོ་ལྟར་གྱི་ཟླ་5པ་དེ“རྒྱལ་ཡོངས་ཀྱི་སློབ་མའི་སེམས་ཁམས་བདེ་ཐང་དྲིལ་བསྒྲགས་སློབ་གསོའི་ཟླ་བར”གཏན་འཁེལ་བྱས་ཏེ་རྣམ་པ་སྣ་ཚོགས་ཀྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་བརྒྱུད་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་བསྐྲུན་ནས་དགེ་སློབ་དང་ཁྱིམ་བདག་གི་སེམས་ཁམས་བདེ་ཐང་ཤེས་བྱའི་ཆུ་ཚད་དང་བྱང་ཚད་མཐོ་རུ་གཏོང་རྒྱུའི་གཏན་འཁེལ་བྱས་པ་རེད། རྒྱལ་ཡོངས་ཀྱི་སློབ་མའི་སེམས་ཁམས་བདེ་ཐང་གི་འཆད་ཁྲིད་ཁང་ཆེན་པོས་སློབ་མའི་སེམས་ཁམས་བདེ་ཐང་གི་གནད་དོན་གལ་ཆེན་ལ་དམིགས་ཏེ་གཙོ་ཁྲིད་དགེ་རྒན་བདམས་ནས་ཆེད་དོན་འཆད་ཁྲིད་བྱ་རྒྱུ་རེད།