ནུབ་རྒྱུད་འཐབ་ཁུལ་མཁའ་དམག་ས་ཚིགས་ཤིག་གིས་བོད་ལྗོངས་མཁའ་འགྲུལ་ཀུང་སི་དང་མཉམ་འབྲེལ་བྱས་ནས།
ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་བ།
འདི་ནི་ས་ཚིགས་དེའི་དཔོན་དམག་གིས་ཏང་གི་སྒྲིག་ཁྲིམས་སློབ་གསོ་སློབ་སྦྱོང་བྱེད་སྒོར་གྲོས་བསྡུར་ཆེན་པོ་བྱེད་བཞིན་ཡོད།
འདི་ནི་བོད་རང་སྐྱོང་ལྗོངས་བཙོན་ཁང་གི་ཉེན་རྟོག་པས་ཏང་གི་སྒྲིག་ཁྲིམས་སློབ་གསོའི་སློབ་ཁྲིད་བྱེད་བཞིན་པ།
འདི་ནི་ས་ཚིགས་དེའི་དཔོན་དམག་གིས་ཏང་གི་སྒྲིག་ཁྲིམས་ཀྱི་བརྗོད་དོན་གཙོ་བོའི་ནག་པང་གསར་འགྱུར་འབྲི་བཞིན་པ།
འདི་ནི་ས་ཚིགས་དེའི་དཔོན་དམག་གིས་ཏང་གི་སྒྲིག་ཁྲིམས་སྲོལ་ཡིག་སློབ་སྦྱོང་བྱེད་བཞིན་པ།
ཏང་ཡོན་ལས་བྱེད་པས་གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)སློབ་སྦྱོང་ཡག་པོ་བྱེད་པར་ཁྲིད་སྟོན་བྱ་ཆེད། ཉེ་ཆར་ནུབ་རྒྱུད་འཐབ་ཁུལ་མཁའ་དམག་ས་ཚིགས་ཤིག་གིས་བོད་ལྗོངས་མཁའ་འགྲུལ་ཀུང་སི་དང་མཉམ་འབྲེལ་བྱས་ཏེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་དམིགས་ནས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ས་ཚིགས་དེ་དང་བོད་ལྗོངས་མཁའ་འགྲུལ་ཀུང་སིས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་བོད་རང་སྐྱོང་ལྗོངས་བཙོན་ཁང་གི་རུལ་རྒོལ་གཙང་སྤེལ་ཉེན་བརྡའི་སློབ་གསོའི་རྟེན་གཞིར་བསྐྱོད་དེ་ཏང་ཞུགས་དམ་བཅའ་བསྐྱར་དྲན་དང་། ཉེན་བརྡའི་སློབ་གསོའི་གློག་བརྙན་ལྟ་བ། ལས་ཐོག་ཉེས་གསོག་པས་བཤད་པའི་རང་ཉིད་ཀྱི་མྱོང་བ་དངོས་ཉན་པ་སོགས་ཀྱི་རྣམ་པའི་ཐོག་ནས་དེ་གར་ཡོད་པའི་ཏང་ཡོན་རྣམས་ལ་སྒྲིག་ཁྲིམས་ནན་པོ་དང་སྒྲིག་ཁྲིམས་བརྩི་སྲུང་གི་གལ་ཆེའི་རང་བཞིན་མྱོང་ཚོར་ཟབ་མོ་ཐུབ་པར་བྱས་ཡོད། དེ་དང་ཆབས་ཅིག་ས་ཚིགས་དེས་སློབ་སྦྱོང་གི་རྣམ་པ་ཟབ་མོ་གཏོད་རྒྱུར་སྣང་ཆེན་གྱིས་དྲིལ་བསྒྲགས་ཤེལ་སྒྲོམ་དང་དམག་སྒར་རྒྱང་བསྒྲགས་སྤྱད་དེ《སྲོལ་ཡིག》གི་ནང་དོན་གཙོ་བོ་ངོ་སྤྲོད་བྱས་ཤིང་། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་དང་ཏང་ཚོགས་ཆུང་གི་སློབ་སྦྱོང་སོགས་ལ་བརྟེན་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏང་ཡོན་ཡོངས་ཀྱི་ཁྲོད་དུ་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་བཏང་བ་རེད།