ལྷ་སའི་མཐོ་གསར་ཁུལ(སྣེའུ་ཁུལ་གསར)གྱིས།
2024ལོའི་ལོ་འཁོར་གྱི་སློབ་གྲྭའི(རྡིབ་པ་དང་རྡོག་རྫིས་ཐེབས་པའི་ལས་འཛོལ)འཕྲལ་སྡོམ་ནང་སྦྱོང་བྱས་པ།
འདི་ནི་འཕྲལ་སྡོམ་ནང་སྦྱོང་བྱ་ཡུལ་ཡིན་པ།
འདི་ནི་འཕྲལ་སྡོམ་ནང་སྦྱོང་བྱ་ཡུལ་ཡིན་པ།
ཉེ་ཆར། ལྷ་སའི་མཐོ་གསར་ཁུལ་བདེ་འཇགས་ཨུ་ལྷན་གཞུང་ལས་ཁང་གིས་སྣེའུ་ཁྲོམ་གཞུང་ལྟེ་བའི་སློབ་ཆུང་དུ“ལྷ་སའི་མཐོ་གསར་ཁུལ(སྣེའུ་ཁུལ་གསར)གྱིས་2024ལོའི་ལོ་འཁོར་གྱི་སློབ་གྲྭའི(རྡིབ་པ་དང་རྡོག་རྫིས་ཐེབས་པའི་ལས་འཛོལ)འཕྲལ་སྡོམ་ནང་སྦྱོང”སྒྲིག་འཛུགས་བྱས་ནས་སྤེལ་བ་རེད།
ཐེངས་འདིའི་སློབ་གྲྭའི་འཕྲལ་སྡོམ་ནང་སྦྱོང་ནི་ལྷ་སའི་མཐོ་གསར་ཁུལ(སྣེའུ་ཁུལ་གསར)བདེ་འཇགས་ཨུ་ལྷན་གཞུང་ལས་ཁང་གིས་གཙོ་གཉེར་བྱས་པ་དང་། ལྷ་སའི་མཐོ་གསར་ཁུལ(སྣེའུ་ཁུལ་གསར)བདེ་འཇགས་ལྟ་སྐུལ་ཅུས་ཀྱིས་སྒྲུབ་འགན་འཁུར་བ། སྣེའུ་ཁྲོམ་གཞུང་ལྟེ་བའི་སློབ་ཆུང་དང་། སྣེའུ་ཁྲོམ་གཞུང་། སྣེའུ་བབས་ཚུགས་མདུན་གྱི་མངགས་གཏོང་ཁང་། མེ་ཟོན་རོགས་སྐྱོབ་རུ་ཆེན། སྣེའུ་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན། ཁྲོམ་གཞུང་འཕྲོད་བསྟེན་ཁང་སོགས་འབྲེལ་ཡོད་ཚན་པ་དང་། ར་མ་སྒང་ཁྲོམ་གཞུང་དང་། དོ་དམ་ཨུ་ལྷན་གྱི་ཅུས(གཞུང་ལས་ཁང)ཁག ཨུ་ཡོན་ལྷན་ཁང་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས། སློབ་གྲྭ་ཁག་གི་འཐུས་མི་དང་རིགས་གཅིག་མཁས་ཅན་གྱི་འཐུས་མི་བཅས་ཁྱོན་མི་200ལྷག་ཙམ་ད་ཐེངས་ཀྱི་ནང་སྦྱོང་ལ་ཞུགས་པ་རེད།
ནང་སྦྱོང་མཇུག་འགྲིལ་རྗེས། སྣེའུ་བབས་ཚུགས་མདུན་གྱི་མངགས་གཏོང་ཁང་གི་འགན་འཁུར་བས་ད་ཐེངས་ཀྱི་ནང་སྦྱོང་ལ་ཚད་མཐོའི་གདེང་འཇོག་བྱས་ཤིང་། ནང་སྦྱོང་ཁྲོད་སློབ་གྲྭའི་འཕྲལ་སྡོམ་བརྡ་ལན་གཏོང་བའི་ནུས་པར་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཡོད་ལ། དེས་སློབ་གྲྭའི་བདེ་འཇགས་ཀྱི་འདུ་ཤེས་དང་ཁ་གཏད་གཅོག་ནུས་ཆེ་རུ་གཏོང་རྒྱུའི་ཐད་དོན་སྙིང་གལ་ཆེན་ལྡན་པའི་ངོས་འཛིན་ཡང་བྱས་པ་རེད་། ཁོང་གིས། སྡེ་ཚན་ཁག་གིས“གཅིག་གྱུར་བཀོད་འདོམས་དང་། མཉམ་འཛིན་སྤྱི་སྒྲུབ། ཚོར་སྣང་སྐྱེན་པ། ཆ་འཕྲིན་མཉམ་སྤྱོད། གོང་འོག་མཉམ་འགུལ”བཅས་ཀྱི་འཕྲལ་སྡོམ་དོ་དམ་མ་ལག་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ། དོགས་ཟོན་རོགས་སྐྱོབ་དང་ལྟ་འདོམས་ཞབས་ཞུར་ཚན་རིག་དང་མཐུན་པའི་ངང་སྤྱི་འདོམས་བྱེད་པ་དང་། བདེ་འཇགས་ཆེན་པོའི་འགན་འཁྲིའི་མ་ལག་མུ་མཐུད་འཛུགས་པ། འཕྲལ་སྡོམ་ཆེན་པོའི་མཐུན་སྦྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གནོད་འཚེ་དང་ལས་འཛོལ་གྱི་ཕྱོགས་བསྡུས་འཕྲལ་སྡོམ་འགན་ལེན་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས“བདེ་འཇགས་ཁུལ་གསར”སྐྲུན་གང་ཐུབ་ཀྱིས་ལྷ་སའི་མཐོ་གསར་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རང་ནུས་གང་ཡོད་འདོན་དགོས་ཞེས་བཤད།