དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • གོ་བདེ་དྲན་འཕྲུལ་ཚ་དྲགས་ན། མཐའ་མ་ཁྲིམས་ཀྱི་རྒྱ་རུ་ཚུད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-14

    འདི་ནི་ཁྲིམས་སྒྱུར་མི་སྣས་དྲ་འབོད་གླ་འཁོར་ལ་ཞིབ་བཤེར་བྱེད་བཞིན་པ།

    ཉེ་ཆར། གྲོང་མི་ཝང་གིས་ཚོང་འཕྲིན་ཚགས་པར་གྱི་ཐད་སྦྲེལ་ཁ་པར་6970000བརྒྱབ་ནས། ལྷ་ས་གྲོང་ཁུལ་དུ་ཁྲིམས་འགལ་གཉེར་སྐྱོང་རླངས་འཁོར་མང་དུ་ཕྱིན་འདུག་པ་དང་། དྲ་འབོད་གླ་འཁོར་གྱིས་དྲ་ཕྱི་ནས་འགྲུལ་པ་བླུགས་པ་དང་། འགྲུལ་པ་ཧབ་ཐོབ་རྒྱག་པ། བོགས་གཏོང་རླངས་འཁོར་གྱིས་འགྲུལ་པ་ཞོར་བླུག་དང་ཆུ་ཚོད་མི་རྩི་བ་སོགས་ཀྱི་སྣང་ཚུལ་རྟག་ཏུ་ཐོན་པ་དང་། ཡུལ་སྐོར་ལས་དོན་ཁང་རེ་ཟུང་གིས་རླངས་འཁོར་གླས་ནས་འགྲུལ་པ་དབོར་གྱི་འདུག་པས་ཡུལ་སྐོར་འཁོར་རིགས་ཀྱི་རྒྱུན་གཏན་གྱི་འགྲུལ་སྐྱེལ་སྒྲིག་ལམ་ལ་ཤུགས་རྐྱེན་ཆེན་པོ་བཟོ་གི་འདུག རེ་བར་འབྲེལ་ཡོད་སྡེ་ཚན་གྱིས་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་སྟེ་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་རོགས་ཞེས་བཤད་པ་རེད།

    གསར་འགོད་པར་ཤེས་རྟོགས་བྱུང་གསལ། ཉེ་དུས། ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྒྱུར་རུ་ཁག་གིས་ལྷ་ས་གྲོང་ཁུལ་གྱི་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཆུས་ཅུས་ཀྱི་གྲོང་ཁུལ་གྱི་སྤ་སེ་འཚོང་ས་དང་གྲྭ་བཞི་ལམ་སོགས་གཙོ་གནད་ལམ་དུམ་དུ། གནས་སྐབས་ཀྱི་ཞིབ་བཤེར་བྱ་ཡུལ་བཙུགས་ནས་བོགས་གཏོང་རླངས་འཁོར་དང་དྲ་འབོད་གླ་འཁོར་གྱི་ཚད་དང་མི་མཐུན་པ་དང་ཚུལ་མིན་གྱི་གཉེར་སྐྱོང་བྱེད་སྤྱོད་དང་། དེ་བཞིན་ཁྲིམས་འགལ་གཉེར་སྐྱོང་འཁོར་རིགས་ལ་ཞིབ་བཤེར་ཐག་གཅོད་བྱས་པ་དང་དུས་མཚུངས། རྫོང་དང་ཆུས་ཁག་གི་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཁྲིམས་སྒྱུར་ཞིབ་བཤེར་བྱ་སྤྱོད་སྤེལ་ནས། རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བར་ཕྱིར་སྐྱོད་ཁོར་ཡུག་ཡག་པོ་ཞིག་བསྐྲུན་ཡོད་པ་རེད།

    A ཁྲིམས་འགལ་གཉེར་སྐྱོང་འཁོར་རིགས་30ལྷག་ཙམ་ཞིབ་བཤེར་བཀག་ཉར་བྱས་པ།

    ཟླ་5ཚེས་1ཉིན། མཉམ་འབྲེལ་ཁྲིམས་སྒྱུར་ཚོགས་ཆུང་གིས་གནམ་མཚོའི་མཛེས་ལྗོངས་ཁུལ་དུ། འགྲོ་འོང་བྱེད་མཁན་གཉེར་སྐྱོང་འཁོར་རིགས་ཀྱི་གཞུང་ལམ་སྐྱེལ་འདྲེན་ལག་ཁྱེར་དང་འགྲུལ་སྐྱེལ་མཚོན་རྟགས་ལུགས་མཐུན་ཡིན་མིན་དང་། འཁོར་རིགས་ལ་རླངས་འཁོར་བོགས་བླངས་ཀྱི་གན་རྒྱ་ཡོད་མེད་སོགས་ལ་གཙོ་གནད་དུ་ཞིབ་བཤེར་བྱས་པ་རེད། ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྒྱུར་རུ་ཁག་གི་ཁྲིམས་སྒྱུར་མི་སྣ་ཟླ་འབྲུག་རྒོད་སྐྱེས་ཀྱིས་ངོ་སྤྲོད་བྱས་དོན། “ལྔ་གཅིག”རིང་ཁྲིམས་སྒྱུར་རུ་ཁག་དེས་འདམ་གཞུང་རྫོང་གི་འགྲིམ་འགྲུལ་ཉེན་རྟོག་པ་དང་འདམ་གཞུང་རྫོང་གི་འགྲིམ་འགྲུལ་ཁྲིམས་སྒྱུར་རུ་ཆེན་སོགས་སྡེ་ཚན་དང་མཉམ་དུ། དུས་ཡུན་ཉིན་4ཡི་ཁྲིམས་སྒྱུར་བྱེད་རིང་། ཁྱོན་ཁྲིམས་འགལ་གཉེར་སྐྱོང་འཁོར་རིགས་30ལྷག་ཙམ་ཞིབ་བཤེར་བཀག་ཉར་བྱས་ཡོད་པ་རེད།

    “ཁ་ལོ་བ་ལགས། ཁམས་བཟང་། 《དྲ་འབོད་གླ་འཁོར་གྱི་སྐྱེལ་འདྲེན་ལག་ཁྱེར》དང《དྲ་འབོད་གླ་འཁོར་གྱི་ཁ་ལོ་བའི་ལག་ཁྱེར》སྟོན་རོགས”ཞེས་ཁྲིམས་སྒྱུར་མི་སྣ་བུ་ཕྲུག་གིས་བཤད་པ་དང་། ཁོང་གིས་འབྲེལ་ཡོད་ལག་ཁྱེར་ལ་ཞིབ་བཤེར་ཚར་རྗེས། ཁ་ལོ་བའི་ལག་ཁྱེར་གནས་སྐབས་ཉར་ནས་འབྲེལ་ཡོད་ཁ་ལོ་བར། ཕྱིར་ལོག་སྟེ་འཕྲལ་དུ་དག་ཐེར་བྱེད་དགོས་པ་དང་འཁོར་རིགས་སྟེང་དྲ་འབོད་གླ་འཁོར་གྱི་གཉེར་སྐྱོང་མཚོན་རྟགས་སྦྱར་ནས་དག་ཐེར་གྱི་ཚད་གཞི་ལོན་རྗེས། ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྒྱུར་རུ་ཁག་ནས་འབྲེལ་ཡོད་ལག་ཁྱེར་ལེན་དགོས་ཞེས་བཤད། ཆུ་ཚོད་ཕྱེད་ཀ་ཙམ་ནང་ཁྲིམས་སྒྱུར་མི་སྣས་དྲ་འབོད་གླ་འཁོར་སྟེང་མཚོན་རྟགས་སྦྱར་མེད་པའི་གནས་ཚུལ་2ཞིབ་བཤེར་ཐག་གཅོད་བྱས་པ་རེད། བུ་ཕྲུག་གིས་དྲ་འབོད་གླ་འཁོར་སྟེང་མཚོན་རྟགས་མ་སྦྱར་ཚེ། གྲོང་མིས་རླངས་འཁོར་དེ་ཁྲིམས་འགལ་གཉེར་སྐྱོང་བྱེད་མཁན་ཡིན་མིན་དབྱེ་བ་འབྱེད་ཁག་པོ་ཡོད། ཁྲིམས་སྒྱུར་བྱེད་རིང་ཁྲིམས་སྒྱུར་མི་སྣས་དྲ་འབོད་གླ་འཁོར་གྱིས་དྲ་ཕྱི་ནས་འགྲུལ་པ་བླུགས་པ་ཤེས་ཚེ། 《དྲ་འབོད་གླ་འཁོར་གཉེར་སྐྱོང་ཞབས་ཞུ་དོ་དམ་གྱི་གནས་སྐབས་ལག་བསྟར་བྱེད་ཐབས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཁ་ལོ་བར་ཆད་པ་གཅོད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།

    ཟླ་འབྲུག་རྒོད་སྐྱེས་ཀྱིས་བོགས་གཏོང་རླངས་འཁོར་ལས་རིགས་ཀྱི་སྣང་ཚུལ་ངན་པར་རྡུང་རྡེག་ཚ་ནན་གཏོང་བ་དང་། བོགས་གཏོང་རླངས་འཁོར་གྱི་གཉེར་སྐྱོང་སྒྲིག་ལམ་ཚད་ལྡན་དུ་གཏོང་བ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བཅས་བྱ་ཆེད། ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྒྱུར་རུ་ཁག་གིས་བོགས་གཏོང་རླངས་འཁོར་གྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ནས། རྒྱུན་གཏན་གྱི་ཞིབ་བཤེར་དང་འཕྲལ་རྒོལ་གྱི་ཞིབ་བཤེར་ཟུང་འབྲེལ་དང་དམིགས་འཛུགས་ཞིབ་བཤེར་དང་སྐོར་སྐྱོད་སྐོར་ཞིབ་ཟུང་འབྲེལ་གྱི་བྱེད་སྟངས་སྤྱད་དེ། ཁོངས་གཏོགས་ཁུལ་གྱི་དམངས་སྤྱོད་མཁའ་འགྲུལ་ཅུས་དང་། མེ་འཁོར་འབབ་ཚུགས། སྨན་ཁང་སོགས་མི་ཚོགས་མང་སར་བོགས་གཏོང་རླངས་འཁོར་ལ་ཞིབ་བཤེར་བྱེད་པར་གཙོ་གནད་ཐོག་ཤུགས་སྣོན་བརྒྱབ་ནས། བོགས་གཏོང་རླངས་འཁོར་གྱི་ཁྲིམས་འགལ་བྱེད་སྤྱོད་བཅོས་སྒྲིག་ནུས་ལྡན་ཐུབ་པར་བྱེད་ཀྱི་ཡིན་ཞེས་བཤད།

    B ཁྲིམས་སྒྱུར་བྱེད་ཤུགས་ཆེ་རུ་བཏང་ནས་ལྷ་སའི་ཡུལ་སྐོར་ཞབས་ཞུའི་ཁོར་ཡུག་ལེགས་སུ་བཏང་བ།

    ལྷ་སའི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ཞབས་ཞུའི་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ལས་ཀའི་བཀོད་སྒྲིག་ལ་གཞིགས་ནས། ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྒྱུར་རུ་ཁག་གིས“འཁོར་ནག”བཅོས་སྒྲིག་དང་གཉེར་སྐྱོང་སྒྲིག་ལམ་ཚད་ལྡན་དུ་གཏོང་བར་དམིགས་པ་དང་། ལས་ཀའི་ལམ་ལུགས་དང་མཉམ་འགུལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཡུལ་སྐོར་སྐྱེལ་འདྲེན་ཁྲོམ་རའི་སྒྲིག་ལམ་རྒྱུན་མཐུད་ཚད་ལྡན་དུ་གཏོང་བ་བཅས་བྱས་ཡོད།

    ཟླ་འབྲུག་རྒོད་སྐྱེས་ཀྱིས་འགྲུལ་པའི་འཁོར་འབོད་ཀྱི་གོམས་གཤིས་དང་ཁྲོམ་རའི་ཆོས་ཉིད་ལ་དབྱེ་ཞིབ་བྱས་པར་གཞིགས་ནས། འགྲུལ་སྐྱེལ་རླངས་འཁོར་བཀོད་གཏོང་བྱེད་ཤུགས་རྒྱུན་མཐུད་ལེགས་སུ་གཏོང་བ་དང་། ལས་རྣམ་གསར་པའི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ཁེ་ལས་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་པ། ཕྱིར་སྐྱོད་ཞབས་ཞུའི་སྤུས་ཚད་ལེགས་སུ་གཏོང་བ་བཅས་བྱས་ནས་ཁྲོམ་རའི་དགོས་མཁོ་སྐོང་གང་ཐུབ་བྱེད་རྒྱུ་དང་། དེ་དང་ཆབས་ཅིག 《ལྷ་ས་གྲོང་ཁྱེར་གྱི་བོགས་གཏོང་རླངས་འཁོར་གྱི་དོ་དམ་བྱེད་ཐབས》མུ་མཐུད་དྲིལ་བསྒྲགས་དང་ལག་བསྟར་བྱས་ནས། གཉེར་སྐྱོང་གི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་དང་མང་ཚོགས་ལ“འཁོར་ནག”ལ་སྡོད་རྒྱུ་མེད་པའི་དྲིལ་བསྒྲགས་ཁྲིད་སྟོན་བྱས་ནས་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་ཀྱི་ཡིན། གཞན་ཡང་དེ་སྔོན་གྱི་ཡུལ་སྐོར་ཁྲོམ་ར་བཅོས་སྐྱོང་གི་ཉམས་མྱོང་ཕྱོགས་སྡོམ་བྱེད་པ་དང་། མཉམ་འབྲེལ་ཁྲིམས་སྒྱུར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལམ་ངོས་སུ་འགྲིམ་འགྲུལ་ཉེན་རྟོག་པ་མང་དུ་གཏོང་བ། ཁྲིམས་སྒྱུར་སྟོབས་ཤུགས་ཀྱི་བཀོད་པ་ལེགས་སུ་གཏོང་བ། ཁྲིམས་སྒྱུར་དྲ་རྒྱའི་ཚགས་དམ་དུ་གཏོང་བ། ཁྲིམས་སྒྱུར་ས་ཚིགས་མང་དུ་གཏོང་བ། ཐེར་འདོན་གོང་ཞུའི་ཐད་སྦྲེལ་ཁ་པར་ཡོངས་བསྒྲགས་བྱེད་པ། ཁྲིམས་སྒྱུར་གནད་སྨིན་ཐུབ་ཚད་མཐོ་རུ་གཏོང་བ། གཞུང་ལམ་སྐྱེལ་འདྲེན་འཁོར་རིགས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ་བཅས་བྱས་ནས། ཡུལ་སྐོར་ཞབས་ཞུའི་ཁོར་ཡུག་ལེགས་སུ་འགྲོ་ཐུབ་པའི་འགན་ལེན་བྱེད་ཀྱི་ཡིན་ཞེས་བཤད། “ཟླ་4ཚེས་30ནས་ཟླ་6ཚེས་30ཉིན་བར་ང་ཚོས་བོགས་གཏོང་རླངས་འཁོར་དང་། དྲ་འབོད་གླ་འཁོར། ཁྲིམས་འགལ་གཉེར་སྐྱོང་རླངས་འཁོར་བཅས་ལ་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་གྱི་ཡིན”ཞེས་བཤད།

    བསྡོམས་རྩིས་ལ་གཞིགས་ན། འདི་ལོའི་ཟླ་1ཚེས་1ནས་ཟླ་5ཚེས་5ཉིན་བར། ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྒྱུར་རུ་ཁག་གིས་རྒྱུན་བཙུགས་འགྲོ་ལམ་རླངས་འཁོར་824དང་། ཡུལ་སྐོར་རླངས་འཁོར་253 དྲ་འབོད་གླ་འཁོར་9408 བོགས་གཏོང་རླངས་འཁོར་7443བཅས་ལ་ཞིབ་བཤེར་བྱས་པའི་ནང་། ཁྲིམས་འགལ་གཉེར་སྐྱོང་གི་དོགས་ཡོད་རླངས་འཁོར་5583ལ་ཞིབ་བཤེར་ཐུབ་པ་དང་། ཁྲིམས་འགལ་གཉེར་སྐྱོང་གི་རླངས་འཁོར་78དང་། དྲ་འབོད་གླ་འཁོར་13 ཡུལ་སྐོར་རླངས་འཁོར་7བཅས་ཞིབ་བཤེར་བཀག་ཉར་བྱས་པ། སྒྲིག་འགལ་གྱི་དྲ་འབོད་གླ་འཁོར་470རྩད་གཅོད་ཐུབ་པ། བོགས་གཏོང་རླངས་འཁོར་དང་འབྲེལ་བའི་ཞུ་གཏུག་ཁག་520ཐག་གཅོད་བྱས་ཡོད་པ་རེད།

    ཤ་ཚའི་དྲན་སྐུལ།

    ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྒྱུར་རུ་ཁག་གིས་རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བར་དྲན་སྐུལ་བྱས་དོན།

    གལ་ཏེ་ཕྱིར་སྐྱོད་སྐབས་ཁྲིམས་འགལ་གཉེར་སྐྱོང་རླངས་འཁོར་མཐོང་བ་དང་བོགས་གཏོང་རླངས་འཁོར་སྡོད་སྐབས་མ་རབས་ཀྱི་སྤྱོད་ཚུལ་འཕྲད་ཚེ། ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ལྟ་སྐུལ་ཞབས་ཞུའི་ཁ་པར་12328དང་། ལྷ་ས་གྲོང་ཁྱེར་གཞུང་ལམ་སྐྱེལ་འདྲེན་གྱི་ཐེར་འདོན་གོང་ཞུའི་ཁ་པར་96123 ལྷ་ས་གྲོང་ཁྱེར་བོགས་གཏོང་རླངས་འཁོར་ཚད་ཡོད་ཀུང་སིའི་ཞུ་གཏུག་ཁ་པར་0891-6522345སོགས་བརྒྱབ་ནས་ཐེར་འདོན་བྱེད་ཆོག

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།