དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • མཚོ་སྨད་རྫོང་སྤྱི་བདེ་ཅུས་ཀྱིས་གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་གྱོད་གཞི་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་དོགས་ཅན་6བཟུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-05-07

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་སྤྱི་བདེ་ཅུས་ཀྱིས་གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་གྱོད་གཞི་ཞིག་བདེ་བླག་ངང་རྩད་ཆོད་ནས་ཁྲིམས་འགལ་ཉེས་གསོག་དོགས་ཅན་6བཟུང་བའི་ནང་ཉེས་དོན་བཙན་ཐབས་སྤྱད་པའི་མི་1དང་བསླབ་འདོམས་བྱས་ནས་ལྗོངས་ཕྱིའི་སྤྱི་བདེ་ལས་ཁུངས་ལ་རྩིས་སྤྲད་པའི་མི་5ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ་3ཚེས་16ཉིན་གྱི་སྔ་དྲོའི་ཆུ་ཚོད་10པ་ཙམ་ལ། མཚོ་སྨད་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་ལ་ཅུས་དེའི་བཀོད་འདོམས་ལྟེ་གནས་ཀྱི་བཀའ་རྒྱ་འབྱོར་བ་སྟེ། གནོད་འཚེ་ཕོག་མཁན་གྱིས་ཁ་པར་ནས་བརྙན་ཐུང་ལྟ་སྐབས། བརྙན་ཐུང་ཞིག་གི་གཏམ་གླེང་ཁུལ་དུ་མི་ཞིག་གིས་རྩ་གཉིས་བཤེར་རྟགས་ཀྱི་པར་རིས་ཤིག་བཞག་ཡོད་པ་དང་འབྲེལ། “རྩ་གཉིས་བཤེར་རྟགས་བཤེར་ན་རྔན་པ་ཡོད”ཅེས་པའི་ཡི་གེའང་བཞག་ཡོད། གནོད་འཚེ་ཕོག་མཁན་གྱིས་ཡ་མཚན་དང་བཅས་རྩ་གཉིས་བཤེར་རྟགས་བཤེར་ནས་APPག་གེ་མོ་ཕབ་ལེན་བྱས་རྗེས་APPའདིའི་ཞབས་ཞུ་བས་གནོད་འཚེ་ཕོག་མཁན་ལ་འབྲེལ་གཏུག་བྱས་ནས་གྲོང་ཁྱེར་གཅིག་པའི“སྨད་འཚོང་མ”དགོས་མིན་སྐད་ཆ་དྲིས་པ་དང་། གལ་ཏེ་དགོས་ན་ཐོ་བཀོད་དེ་ཚོགས་མིར་ཞུགས་རྗེས་འབྲེལ་ཡོད་ཆ་འཕྲིན་མནན་ནས་བླང་བྱ་ལྟར་བྱས་ཚེ་གཞི་ནས་རྔན་པ་རག་ལུགས་བཤད། གནོད་འཚེ་ཕོག་མཁན་གྱིས་ཞབས་ཞུ་བས་བཤད་པ་ལྟར་བཀོལ་སྤྱོད་བྱས་ཏེ། སྔ་རྗེས་སུ་ཕ་རོལ་པོས་བསྐུར་བའི་དངུལ་ཁང་གཱ་དང་རྩིས་ཨང་ལ་ཁྱོན་བསྡོམས་སྒོར་105594བསྐུར་རྗེས་དོགས་པ་སྐྱེས་ནས་ཉེན་དོན་སྙན་སེང་ཁ་པར་110བརྒྱབ་ནས་སྤྱི་བདེ་ལས་ཁུངས་ལ་རོགས་རམ་གནང་རོགས་ཞུས་པར་རོགས་རམ་བྱ་རྒྱུ་དེ་རེད།

    གྱོད་གཞི་ཐོན་རྗེས། ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་འཕྲལ་དུ་གྱོད་གཞི་དང་འབྲེལ་བ་ཡོད་པའི་འབྲེལ་ཡོད་རྩིས་ཨང་ལ་དངུལ་བསྐུར་མཚམས་འཇོག་པ་དང་བསྡམས་བཅད་བྱས་ནས་གནོད་འཚེ་ཕོག་མཁན་ལ་གྱོད་གཞིའི་གནས་ཚུལ་ཞིབ་ཕྲ་དྲིས་རྗེས་གྲོས་བསྡུར་གཏིང་ཟབ་བྱས་པ་དང་གྱོད་གཞིའི་ཁུངས་སྣེར་དབྱེ་ཞིབ་ཞིབ་འཇུག་དང་བརྡར་ཤ་བཅད་རྗེས་གྱོད་གཞི་ཐོནཡུལ་དུ་བསྐྱོད་དེ་གྱོད་གཞིའི་བརྟག་དཔྱད་དཔང་ལེན་དང་། འཛིན་བཟུང་། ནག་དངུལ་འདེད་ལེན་བཅས་ཀྱི་ལས་དོན་སྤེལ་བ་རེད། མཐར་ཀོང་ཤིས་དང་། ཧོ་ནན། ཧུའུ་ནན། སི་ཁྲོན་སོགས་ས་ཁུལ་གྱི་ཉེན་རྟོག་ཕྱོགས་དང་གོང་རིམ་སྤྱི་བདེ་ལས་ཁུངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་ཁྲིམས་འགལ་ཉེས་གསོག་དོགས་ཅན་6བཟུང་བ་དང་འབྲེལ། ཁྲིམས་འགལ་ཉེས་གསོག་གི་ཐོབ་ཆ་སྒོར་4600བཀག་ཉར་བྱས་པ་དང་། གྱོད་འབྲེལ་ནག་དངུལ་སྒོར་30900འདེད་ལེན་བྱས་ནས་ཁྱོན་གྱོང་གུན་སྒོར་35500གསབ་པ་རེད།

    འདྲི་རྩད་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་དྲུག་པོས་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ཁས་བླངས་པ་དང་། མིག་སྔར་གྱོད་གཞི་དེ་སྔར་བས་མྱུལ་ཞིབ་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།