དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ལྷ་ས་ཁྲེང་ཀོན་སྤྱི་བདེས་ཧྥེང་ཆའོ་ཡི་ཉམས་མྱོང་ལག་བསྟར་བྱས་ནས་མི་སེར་གྱི་སྙིང་ཉེ་བ་ཞིག་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-05-07

    འདི་ནི་མི་དམངས་ཉེན་རྟོག་པས་དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚམས་འདྲི་བྱེད་བཞིན་པ།

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྤྱི་བདེ་ཅུས་གྲྭ་བཞི་མངགས་གཏོང་ཁང་མཐུན་སྒྲིལ་གྲོང་གསར་ཉེན་རྟོག་ལས་དོན་ཁང་གིས“ཧྥེང་ཆའོ་ཡི་ཉམས་མྱོང”ལག་ལེན་གཏིང་ཟབ་བྱས་ཏེ། “དམངས་འཚོ་ལེགས་སུ་བཏང་ནས་མི་སེམས་གཅིག་སྒྲིལ་བྱ་རྒྱུ”དེ་ཁོངས་གཏོགས་གཞི་རིམ་བཅོས་སྐྱོང་ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བྱས་པ་མ་ཟད། ཁོངས་གཏོགས་ཁུལ་མི་དམངས་མང་ཚོགས་ཀྱི་རེ་འདུན་བསྒྲུབས་པ་དང་། ལས་ཀའི་བྱེད་ཐབས་ཞིབ་ཚགས་སུ་བཏང་བ། ཁོངས་གཏོགས་ཁུལ་གྱི་མི་དམངས་མང་ཚོགས་ཁྲོད་གཏིང་ཟབ་སྐྱོད་པ། དམངས་ཆེད་དཀའ་ངལ་སེལ་བ། མང་ཚོགས་ཀྱི་བྱ་བ་ཆུང་ཙག་བསྒྲུབས་པ་བཅས་བྱས་ནས་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”ལག་ལེན་ཧུར་ཐག་བསྟར་ཡོད།

    གྲྭ་བཞི་མངགས་གཏོང་ཁང་མཐུན་སྒྲིལ་གྲོང་གསར་ཉེན་རྟོག་ལས་དོན་ཁང་གི་མི་དམངས་ཉེན་རྟོག་པས་བྱ་བ་ཆུང་ཙག་སྒྲུབ་པ་ནས་འགོ་བཙུགས་ཏེ་མང་ཚོགས་ཀྱི་སྙིང་ཉེ་བ་བྱེད་པ་མ་ཟད། ཁོངས་གཏོགས་ཁུལ་གྱི་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་དོ་དམ་གྱི་ལས་དོན་ཧུར་ཐག་བསྒྲུབས་ཏེ། དམངས་ཀྱི་སེམས་ཁྲལ་སེལ་བ་དང་། དམངས་ཀྱི་དཀའ་ངལ་སེལ་བ། དམངས་ལ་དྲོ་སྐྱིད་སྦྱིན་པ་བཅས་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།